མཚོ་སྨད་རྫོང་ཅུང་མཚོ་གྲོང་ཚོར་གློག་རྡུལ་ཚོང་དོན་གྱི་གསོ་སྦྱོང་འཛིན་གྲྭ་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧྲེ་ཞོལ་ཡང་།      སྤེལ་དུས།   2019-05-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གིས་གྲོང་གསེབ་གློག་རྡུལ་ཚོང་དོན་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་དྲ་ཐོག་ཚོང་དོན་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ཁྲིད་བྱས་ཏེ་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་ལས་དོན་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད།  སྤྱི་ཟླ ༤ ཚེས ༢༤ ནས་སྤྱི་ཟླ ༥ ཚེས ༢༣ ཉིན་བར་མཚོ་སྨད་རྫོང་ཅུང་མཚོ་གྲོང་ཚོར་དུས་ཡུན་ཟླ་གཅིག་རིང་གི་དྲ་ཐོག་ཚོང་དོན་ཆེད་ལས་ཤེས་བྱ་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་།  གྲོང་ཚོའི་མཉམ་ལས་ཁང་གི་འགན་འཁུར་བ་དང་དབུལ་པོའི་དུད་ཚང་གི་གྲོང་མི་ད་ཐེངས་ཀྱི་བྱེད་སྒོར་ཞུགས་ཡོད།  

འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།  གསོ་སྦྱོང་འདི་བྱས་པ་བརྒྱུད་དུས་བབ་གསར་པའི་འོག་དྲ་ཐོག་ཚོང་དོན་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་གསར་པ་སྔར་བས་རྒྱ་ཆེར་གཏོང་བ་དང་།  ཅུང་མཚོ་གྲོང་ཚོའི་རྒྱ་ཆེའི་ཞིང་འབྲོག་པས་གློག་རྡུལ་ཚོང་དོན་དྲ་བར་ཤེས་རྟོགས་ཐུབ་ཚད་དང་གློག་རྡུལ་ཚོང་དོན་བཀོལ་སྤྱོད་ཐུབ་ཚད་མཐོ་རུ་གཏོང་རྒྱུ་དང་འབྲེལ།  ད་དུང་དབུལ་གྲོལ་འགག་སྒྲོལ་ལས་དོན་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་དེ་རེད།། 

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]