ཧྭ་ཤིའི་སྨན་ཁང་ནད་རིགས་ཡོངས་ཁྱབ་དལ་ནད་ཚན་ཁག་གིས་ལྷ་སར་སྨན་བཅོས་བོད་སྐྱོར་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བསོད་ནམས་ཉི་མ།      སྤེལ་དུས།   2019-06-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༩ ཉིན།  སི་ཁྲོན་སློབ་ཆེན་ཧྭ་ཤིའི་སྨན་ཁང་ནད་རིགས་ཡོངས་ཁྱབ་གསོ་རིག་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སུའུ་ཆའོ་ལིས་རུ་སྣེ་ཁྲིད་པའི་ནད་རིགས་ཡོངས་ཁྱབ་དལ་ནད་དོ་དམ་ཚོགས་ཆུང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པར་ཕེབས་ནས།  ལྷ་ས་གྲོང་ཁྱེར་གྱི་སྨན་དོན་མི་སྣ ༥༢ ལ་རྒྱུན་དུ་མཐོང་མང་བའི་དལ་བའི་རང་བཞིན་གྱི་ནད་རིགས་ཏེ།  ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་འགྱུར་གྱི་ནད།  གློ་བ་དལ་གྱིས་འགག་པའི་ནད་བཅས་ལ་ཚད་ལྡན་ཅན་གྱི་དོ་དམ་དང་།  གཟུགས་གཞིའི་བརྟག་དཔྱད་སྙན་ཞུར་ཚན་རིག་དང་མཐུན་པའི་འགྲེལ་བཤད་རྒྱག་སྟངས་སྐོར་གྱི་ཆེད་དོན་གསོ་སྦྱོང་བྱས་པ་རེད།   སི་ཁྲོན་སློབ་ཆེན་ཧྭ་ཤིའི་སྨན་ཁང་གི་སྨན་བཅོས་བོད་སྐྱོར་བྱེད་སྒོ་དེ་སྤྱི་ཟླ ༥ ཚེས ༢༩ ནས ༣༡ ཉིན་བར་ལྷ་སར་སྤེལ་བ་རེད། 
ཤེས་རྟོགས་བྱུང་བར་གཞིགས་ན།  ནད་རིགས་ཡོངས་ཁྱབ་དལ་ནད་དོ་དམ་ཚོགས་ཆུང་ནས་སྤྱི་ཟླ ༥ ཚེས ༣༠ ཉིན་གྱི་སྔ་དྲོ་ཁྲེང་ཀོན་ཆུས་དར་དམར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུ་ནད་རིགས་ཡོངས་ཁྱབ་དལ་ནད་འོས་འགན་སྨན་བཅོས་དང་།  ཁྱིམ་ཚང་དང་གན་འཇོག་བྱེད་སྟངས་ཀྱི་འདྲ་བཟོ་དཔེ་སྟོན།  དལ་ནད་བདེ་ཐང་དོ་དམ་གྱི་བློ་འདྲི་སོགས་ཞབས་ཞུའི་ལས་ཀ་གཉེར་ཡོད།  སྤྱི་ཟླ ༥ ཚེས ༣༡ ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་སྒོ་བསྟེན་ཐང་ཆེན་དུ་ནད་རིགས་ཡོངས་ཁྱབ་དལ་ནད་ཀྱི་འོས་འགན་སྨན་བཅོས་བྱེད་སྒོ་ཡང་སྤེལ་བ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]