ལྷ་ས་གྲོང་ཁྱེར་གྱིས༢༠༡༩ལོའི་གདན་ཞུའི་འདུ་ཚོགས་ཐེངས༡༡པ་གཉེར་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཝང་ལི།      སྤེལ་དུས།   2019-06-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༦ ཚེས ༥ ཉིན་གྱི་སྔ་དྲོ།  ལྷ་ས་གྲོང་ཁྱེར་མི་རྒྱུན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་མི་རྒྱུན་ཐོན་ཁུངས་ཁྲོམ་རར་སྤྱི་ལོ ༢༠༡༩ ལོའི་གདན་ཞུའི་འདུ་ཚོགས་ཐེངས ༡༡ པ་གཉེར་བ་རེད།  ཤེས་རྟོགས་བྱུང་བར་གཞིགས་ན།  ད་ཐེངས་ཀྱི་གདན་ཞུའི་འདུ་ཚོགས་ཐོག་མི་སྤྱོད་མཁན་ཚན་པ ༣༠ ཡིས་ལས་ཞུགས་ལས་གནས ༣༣༤ མཁོ་འདོན་བྱས་པ་དེ་དག་སྲིད་འཛིན་ཆེད་ལས་དང་ཇུས་འགོད་པ།  མི་དོན་ཆེད་ལས།  དངུལ་གཉེར།  ཚན་ཁག་གི་ལས་རོགས།  རྩིས་གཉེར།  ཏང་དོན་ཆེད་ལས།  ཁྲོམ་རའི་ཆེད་ལས།  རྣམ་གྲངས་སྤྱི་གཉེར།  རྫས་འགྱུར་བརྟག་ཞིབ་པ།  རྒྱུ་ནོར་དོ་དམ་བློ་འདྲི།  དྲ་རྒྱའི་བཟོ་བཀོད་པ།  འཆད་ཁྲིད་དགེ་རྒན་སོགས་ལས་རིགས་མང་པོ་དང་འབྲེལ་བ་ཡོད།།

འབྲེལ་ཡོད་འགན་འཁུར་བས་གདན་ཞུའི་འདུ་ཚོགས་ཐོག་མི་སྤྱོད་མཁན་ཚན་པ་དང་ལས་འཚོལ་མི་སྣར་ཐུན་མོང་གི་ལས་སྟེགས་ཤིག་བསྐྲུན་ནས།  ལས་མི་སྤྱོད་མཁན་ཚན་པས་ལས་སྟེགས་དེ་བརྒྱུད་རང་ཉིད་ཀྱི་བློ་ཡིད་འཚིམ་པའི་ཤེས་ལྡན་མི་སྣ་འཚོལ་ཐུབ་པ་དང་།  ལས་འཚོལ་མི་སྣས་ཀྱང་སྟེགས་བུ་དེ་བརྒྱུད་རང་ཉིད་ཀྱི་བློ་མོས་ཡོད་སའི་ལས་ཀ་ཞིག་འཚོལ་ཐུབ་བྱེད་ཡིན་ཞེས་བཤད་པ་རེད།  བསྡོམས་རྩིས་བརྒྱབ་པར་གཞིགས་ན།  ཐེངས་འདིའི་གདན་ཞུའི་འདུ་ཚོགས་ལ་ཞུགས་མཁན་མི་གྲངས ༢༨༠ ལྷག་ཙམ་ཟིན་པའི་ནང་ནས་མི ༤༧ གྱིས་ཐོག་མའི་འདོད་མཐུན་བཞག་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངའི་དགའ་ཤོས།