མཛེས་སྡུག་ལྡན་པའི་ཀྲུང་གོ་ ང་ནི་བྱ་སྤྱོད་སྤེལ་མཁན་ཡིན་ཞེས་པའི་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཝང་ལི།      སྤེལ་དུས།   2019-06-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༦ ཚེས ༤ ཉིན།  མཛེས་སྡུག་ལྡན་པའི་ཀྲུང་གོ ང་ནི་བྱ་སྤྱོད་སྤེལ་མཁན་ཡིན་ཞེས་བརྗོད་གཞིར་བྱས་པའི་ཁོར་ཡུག་སྲུང་སྐྱོང་ཐད་ལ་སློབ་གྲྭ་འབྲིང་ཆུང་གི་སློབ་མས་བྲིས་པའི་འཕྲིན་ཡིག་དང་རི་མོའི་འགྲན་བསྡུར་ཆེ་མོ་ལྷ་སར་འགོ་ཚུགས་པ་རེད།  ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་སྐྱེ་ཁམས་རིག་གནས་དར་སྤེལ་བཏང་བ་བརྒྱུད་སྤྱི་ཚོགས་ཡོངས་སུ་འབག་བཙོག་འགོག་བཅོས་ཀྱི་དམག་འཐབ་དྲག་པོ་རྒྱག་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་ནས།  རང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་སློབ་མ་ཚོ་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་མཁན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་སྲུང་མཁན་ཞིག་ཏུ་འགྱུར་རྒྱུར་སྐུལ་མ་གཏོང་རྒྱུ་དེ་རེད།


བྱེད་སྒོའི་ཐོག་སློབ་མའི་སྐུ་ཚབ་པ། ལྷ་ས་པེ་ཅིང་སློབ་འབྲིང་མཐོ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ་དགུ་པའི་སློབ་མ་བསྟན་འཛིན་དཔལ་སྐྱིད་ཀྱིས།  སའི་གོ་ལར་གཅེས་སྤྲས་དང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་མི་ཚང་མའི་འགན་འཁྲི་ཡིན་ལ་སྤྱི་ཚོགས་ཀུན་སྤྱོད་ཐད་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཀྱང་ཡིན།  ཁོར་ཡུག་ལ་གཅེས་སྤྲས་བྱས་ན་གཞི་ནས་ང་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་རེད་ཅེས་བཤད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]