ལྷ་མོའི་གྲུབ་འབྲས་སྙན་ཞུའི་འཁྲབ་སྟོན་ལྗོངས་ལྷ་མོ་ཚོགས་པར་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ་ཚེ་རིང་།      སྤེལ་དུས།   2019-06-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འགྲོ་བ་མིའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་བརྩམས་བྱའི་མིང་གཞུང་ནང་བོད་ཀྱི་ལྷ་མོ་བཅུག་ནས་ལོ ༡༠ འཁོར་བའི་ལོ་ཞིག་རེད།  དུས་རབས་གསར་པར་ལྷ་མོའི་སྒྱུ་རྩལ་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་དེ་བས་ལེགས་པའི་སྒོ་ནས་འགྲེམས་སྟོན་བྱ་ཆེད།  བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་སྤྱི་ཟླ ༦ པའི་ཚེས ༨ ནས ༡༠ ཉིན་བར་དགོང་མོའི་ཆུ་ཚོད ༧ དང་སྐར་མ ༣༠ ཡི་ཐོག  རང་སྐྱོང་ལྗོངས་ལྷ་མོ་ཚོགས་པར་ལྷ་མོའི་གྲུབ་འབྲས་སྙན་ཞུའི་འཁྲབ་སྟོན་བྱས་པ་རེད།

ད་ཐེངས་ཀྱི་འཁྲབ་སྟོན་ཁྲོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་རང་ལྗོངས་ཀྱི་གྲོང་ཁྱེར༼ ས་ཁུལ ༽ཁག་གི་ཚབ་མཚོན་རང་བཞིན་གྱི་དམངས་ཁྲོད་ལྷ་མོ་ཚོགས་པ་ཏེ།  ཤང་པ་དང་འཇམ་དགར།  ཡར་ཀླུང་བཀྲ་ཤིས་ཞོལ་པ།  འཕྱོངས་རྒྱས་པིན་ཏུན་སོགས་ལྷ་མོ་ཚོགས་པ་བདུན་གདན་དྲངས་ནས་ཁག་སོ་སོར༼ ཆོས་རྒྱལ་ནོར་བཟང་།༽དང་༼ པདྨ་འོད་འབར། ༽༼ འགྲོ་བ་བཟང་མོ ༽སོགས་གསུང་རབ་ལྷ་མོའི་དུམ་བུ་ཁག་འཁྲབ་སྟོན་བྱས་པས།  རྒྱ་ཆེའི་ལྟད་མོ་བར་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ ༢༠༠༦ ལོར་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་ནང་བཅུག་པ་དང་།  སྤྱི་ལོ ༢༠༠༩ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་ནང་བོད་ཀྱི་ལྷ་མོ་བཅུག་པ་རེད།  ལོ ༡༠ ཡི་རིང་ལྷ་མོའི་ཚོགས་པ་དེ་སྔའི་ཚོགས་པ ༥༠ མ་ཟིན་པ་ནས་ད་ལྟའི ༡༤༣ བར་འཕེལ་རྒྱས་བྱུང་བ་དང་།  ལྷ་མོ་ཚོགས་པ་རེར་ལོ་ལྟར་བྱེད་སྒོའི་འགྲོ་གྲོན་སྒོར་ཁྲི ༢ དང་འཁྲབ་སྟོན་གོ་སྐབས་མང་པོ་ཐོབ་སྟེ་ལྷ་མོའི་རྒྱུན་འཛིན་དང་སྤེལ་རེས།  འཕེལ་རྒྱས་བཅས་ལ་སྐུལ་འདེད་ཀྱི་ནུས་པ་ཧ་ཅང་ཡག་པོ་ཐོན་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]