ལག་ཤེས་བཟོ་རྩལ་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་ཞུགས།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཁང་གཞུང་ཤང་བལ་འཇམ་འཁེལ་འཐག་མི་རིགས་ལག་ཤེས་བཟོ་རྩལ་མཉམ་ལས་ཁང་ནི་སྤྱི་ལོ ༢༠༡༣ ལོའི་ཟླ ༡༡ པར་བཙུགས་པ་ཞིག་ཡིན་པ་དང་།  མཉམ་ལས་ཁང་དེས་བལ་འཇམ་ཐོན་རྗས་དང་བོད་བཟོའི་གྱོན་གོས།  ཁ་གདན་སོགས་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་།  ཐོན་རྫས་དེ་དག་གཞིས་རྩེ་དང་ལྷ་སར་ཕྱིར་ཚོང་བྱེད་ཀྱི་ཡོད་ལ།  དེ་བཞིན་དྲ་ཐོག་སྟེགས་བུ་བརྒྱུད་ཕྱིར་ཚོང་ཡང་བྱེད་ཀྱི་ཡོད།  སྤྱི་ལོ ༢༠༡༨ ལོར་མཉམ་ལས་ཁང་དེའི་ཁེ་གཙང་ཡོང་འབབ་སྒོར་ཁྲི་ཚོ ༡༦༠ ཟིན་ནས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པའི་དུད་ཁྱིམ ༩༢ ཀྱི་མང་ཚོགས ༤༢༤ ལ་ཁྱབ་པ་དང་།  ད་དུང་ཁང་གཞུང་ཤང་གི་གནས་སྤོས་དབུལ་སྐྱོར་ས་ཚིགས་ཀྱི་མང་ཚོགས་ལ་ལས་གནས ༢༤ མཁོ་འདོན་ཐུབ་སྟེ་མང་ཚོགས ༡༡ ལས་གནས་བརྟན་པོ་བྱུང་ཡོད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]