ཐག་རིང་ལུང་ཁུག་ཏུ་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཨུད་དྲིལ་བསྒྲགས་པུའུ་ལས་གྲུབ་པའི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོའི་སྒྲོག་འགྲེལ་རུ་ཁག་གིས།  འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཐག་རིང་གྲོང་ཚོར་ས་བབ་མཐོ་ཚད་སྨིད ༥༠༢༠ ཟིན་པའི་ཐག་རིང་འབྲོག་རར་བསྐྱོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  འཕྱོངས་རྒྱས་རྫོང་དུ་མང་ཚོགས་ཁྲི ༡ ལྷག་ཙམ་ཡོད་པའི་ནང་ནས་ཁག་ཅིག་རི་ཁུག་འབྲོག་ཁུལ་དུ་ཁ་ཐོར་དུ་གནས་ཡོད།  རི་ཁུག་འབྲོག་ཁུལ་གྱི་མང་ཚོགས་ཁྲོད་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཆེད།  འཕྱོངས་རྒྱས་རྫོང་གིས་རྫོང་དང་ཤང་།  གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྒྲོག་འགྲེལ་དཔུང་ཁག་བཙུགས་པ་དང་།  ཁོང་ཚོས་གྲོང་ཚོ་དང་འབྲོག་ཁུལ།  ཞིང་དུད།  དགོན་སྡེ།  ཞིང་ར་དང་འབྲོག་ར་སོགས་སུ་བསྐྱོད་དེ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བས།  ཞིང་འབྲོག་པས་སྲིད་ཇུས་ཤེས་རྟོགས་དང་ཤེས་བྱ་སློབ་སྦྱོང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]