གཞིས་རྩེའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས༡༧པ་གཏོང་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༨ ཉིན།  གཞིས་རྩེ་གྲོང་ཁྱེར་གྱི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པ་གཟབ་རྒྱས་ངང་གཏོང་འགོ་ཚུགས་པ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡན་ཆིང་གིས་ཤིས་ཚིག་བསྒྲོན་གནང་བ་མ་ཟད།  ཡུལ་སྐོར་དུས་ཆེན་གཏོང་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་ལྗིས་ལིང་ཞིང་ཆེན་གྱི་ཞིང་སྤྱི་གཞོན་པ་ཧྲི་གཡུས་ཀང་ནས་ཀྱང་ཤིག་ཚིག་བསྒྲོན་གནང་བ་རེད།
ཀྲང་ཡན་ཆིང་ནས་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་གཞིས་རྩེའི་རིག་གནས་ཡུལ་སྐོར་གྱི་རྒྱས་འཛོམས་ཞིག་དང་དྲིལ་བསྒྲགས་འོས་སྦྱོར་གྱི་སྐར་ཁུང་ལྟ་བུ་ཞིག  མཉམ་ལས་སྤེལ་རེས་ཀྱི་སྟེགས་བུ་ཞིག་བཅས་རེད།  སྐབས་འདིའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་དེ་ལྗིས་ལིང་ཞིང་ཆེན་དང་གཞིས་རྩེ་གྲོང་ཁྱེར་གྱིས་མཉམ་འབྲེལ་ཐོག་སྤེལ་ཏེ།  གཞིས་རྩེའི་རིག་གནས་དང་མཛེས་ལྗོངས།  སྒོ་དབྱེ་བཅས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་མངོན་ཐུབ་པ་བྱེད་རྒྱུ་རེད་ཅེས་གསུངས།
ཧྲི་གཡུས་ཀང་ནས་ད་རེས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་དེ་བརྒྱུད་ས་ཆ་གཉིས་ཀྱི་མཉམ་ལས་ཐད་སྒུལ་ཤུགས་གསར་པ་འཕེལ་བ་བྱས་ཏེ།  གཞིས་རྩེ་དང་ལྗིས་ལིང་དབར་གྱི་མཉམ་ལས་དང་གོང་འཕེལ་ལ་གཡུར་ཟའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]