ལྷ་ས་གྲོང་ཁྱེར་གྱིས་གྲོང་ཚོ་འཆར་འགོད་འཛུགས་སྐྲུན་དོ་དམ་སྲོལ་ཡིག་ཅེས་པ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧྲེ་ཞོན་ཡང་།      སྤེལ་དུས།   2019-06-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྷ་ས་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ཉེ་དུས་འཚོགས་པའི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱས་པར་གཞིགས་ན།  ལྷ་ས་གྲོང་ཁྱེར་གྱི་གྲོང་ཚོ་འཆར་འགོད་འཛུགས་སྐྲུན་དོ་དམ་སྲོལ་ཡིག་ཅེས་པ་དེ་སྤྱི་ལོ ༢༠༡༩ ལོའི་ཟླ་དང་པོའི་ཚེས ༡ ཉིན་ནས་ལག་བསྟར་བྱེད་འགོ་ཚུགས་པ་དང་།  སྲོལ་ཡིག་དེར་ཁྱོན་ལེའུ་དྲུག་དང་དོན་ཚན་བཞི་བཅུ་ཞེ་གསུམ་ཡོད།  

གསར་འགྱུར་མགྲིན་ཚབ་པ། ལྷ་ས་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུད་ཀྱི་སྤྱི་ཁྱབ་འཆར་འགོད་པ་ཇིང་ཤིན་ཀོང་ནས་སྲོལ་ཡིག་ལག་བསྟར་བྱས་པ་དེས་ལྷ་ས་གྲོང་ཁྱེར་གྱི་འཆར་འགོད་འཛུགས་སྐྲུན་དོ་དམ་ལས་དོན་སྔར་ལས་ལྷག་པའི་སྒོ་ནས་ཚད་ལྡན་དུ་འགྱུར་རྒྱུ་དང་།  ས་ཆ་ལེགས་བསྡུས་དང་།  གྲོན་ཆུང་།  བེད་སྤྱོད།  སྲུང་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ།  གྲོང་ཚོའི་འཆར་འགོད་འཛུགས་སྐྲུན་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ།  ས་ཆའི་ཐོན་ཁུངས་ཁྲིམས་བཞིན་སྲུང་སྐྱོང་དང་བེད་སྤྱོད་བྱེད་རྒྱུ།  ཤང་གྲོང་འཆར་འགོད་འཛུགས་སྐྲུན་དོ་དམ་གྱི་ཞན་ཆ་ལྡན་པའི་གནས་ཚུལ་ཡོ་བསྲང་བྱེད་རྒྱུ་བཅས་བྱས་ཏེ།  ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་གང་ལེགས་སྐོང་ནས།  གོ་རིམ་ལྡན་པའི་ངང་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཐེབས་པ་བྱེད་རྒྱུ་དང་།  རྨང་གཞིའི་སྒྲིག་བཀོད་བསྐྱར་དུ་སྐྲུན་དང་ཐོན་ཁུངས་འཕྲོ་བརླག་གི་གནས་ཚུལ་མ་ཐོན་པ་བྱས་ནས།  གྲོང་ཚོའི་གྲོང་མིའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་དང་ཤང་གྲོང་དར་རྒྱས་གཏོང་བའི་ལག་བསྟར་འཐས་ཇུས་ལ་རོགས་འདེགས་ཐུབ་པ་བྱས་ཏེ་མཛེས་སྡུག་ལྟ་ན་སྡུག་པའི་ཤང་གྲོང་འཛུགས་སྐྲུན་བྱེད་དགོས་པའི་ཐུགས་རེ་གནང་།།

  ༼  ཡིག་བསྒྱུར་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]