དུག་རྫས་བཀག་ནས་དྭངས་གཙང་གི་སློབ་གྲྭའི་ར་བ་གཏོད།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   དོན་གྲུབ་ཚེ་རིང་།      སྤེལ་དུས།   2019-06-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སློབ་མར་དུག་རྫས་སྔོན་འགོག་གི་སློབ་གསོའི་ལས་དོན་སྔར་བས་ཤུགས་སྣོན་རྒྱག་པ་དང་།  གཞོན་ནུ་ལོ་ཆུང་གི་སློབ་མས་དུག་རྫས་ལ་རྒྱུས་མངའ་དང་དུག་རྫས་སྔོན་འགོག་སོགས་བྱེད་པའི་འདུ་ཤེས་དང་ནུས་པ་གོང་མཐོར་གཏོང་ཆེད།  ཉེ་དུས་བོད་རང་སྐྱོང་ལྗོངས་དུག་རྫས་སྔོན་འགོག་གཞུང་ལས་ཁང་དང་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་།  གུང་གཞོན་སྡེ་ཚོགས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ཨུ་ཡོན་ལྷན་ཁང་གིས་སྒྲུབ་འགན་འཁུར་བའི་སློབ་ཆེན་སློབ་མས་དུག་རྫས་སྔོན་འགོག་དང་ཨེ་ཙི་ནད་སྔོན་འགོག་བྱེད་པའི་ཤེས་བྱའི་འགྲན་བསྡུར་བྱེད་སྒོ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་བྱང་ཁུལ་དུ་སྤེལ་བ་དང་།  འགྲན་བསྡུར་ནང་སློབ་མ ༥༠༠ ཙམ་ཞུགས་པ་རེད།

ཡིག་རྒྱུགས་ཁྲོད་རྒྱུན་ལྡན་མཐོང་ཐོས་མང་བའི་དུག་རྫས་ཀྱི་རིགས་དང་དུག་རྫས་ཀྱི་གནོད་འཚེ་དེ་བཞིན་དུག་འགོག་གི་འབྲེལ་ཡོད་ཁྲིམས་ལུགས་གཏན་འབེབས།  ཨེ་ཙི་ནད་མཆེད་སྟངས་དང་གནོད་འཚེ།  སྨན་བཅོས་ཐབས་ལམ་དེ་བཞིན་སྔོན་འགོག་སོགས་ཀྱི་ནང་དོན་ཚུད་ཡོད།  སློབ་མས་རྒྱུག་གཞིར་དྲིས་ལན་འདེབས་པའི་ཁྲོད་དུག་འགོག་དང་ཨེ་ཙི་ནད་སྔོན་འགོག་ལས་དོན་ལ་རྒྱུས་མངའ་དང་སློབ་སྦྱོང་གཏིང་ཟབ་ཐུབ་ཡོད།
བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་རྒན་ཟླ་བ་སྒྲོལ་མས།  ད་ཐེངས་ཀྱི་དུག་འགོག་ཤེས་བྱའི་འགྲན་བསྡུར་བརྒྱུད་སློབ་མ་ཚོས་དུག་རྫས་ཀྱི་གནོད་འཚེ་དང་རང་འགུལ་ངང་དུག་རྫས་ལ་ལག་པ་མི་འཆང་བ།  དུག་རྫས་བཀག་འགོག་བྱེད་པ་སོགས་ཀྱི་ཐད་ངོས་འཛིན་གསལ་པོ་ཐུབ་ནས།  ཐུན་མོང་ཐོག་དུག་རྫས་མེད་པའི་སློབ་གྲྭའི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་ཅེས་གསུངས།།

  ༼  ཡིག་བསྒྱུར་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]