རང་ལྗོངས་རིག་གནས་ཁེ་ལས་ཆུང་གྲས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཧུར་ཐག་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧོ་ཞི་ཡན།      སྤེལ་དུས།   2019-07-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༧ པའི་ཚེས ༡༠ ཉིན།  བོད་རང་སྐྱོང་ལྗོངས་རིག་གནས་ཁེ་ལས་ཆུང་གྲས་གསར་གཏོད་ལས་གཏོད་ཞབས་ཞུའི་རྟེན་གཞི་ཡིས།  བཅའ་སྡོད་ཁེ་ལས་སྒྲིག་འཛུགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྱི་ཀྲུང་དབྱང་གི་ཚོགས་འདུའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱས་པ་དང་།  ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བ།  ཧེ་བག་འཚོལ་བ།  དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱི་སྤྱིའི་བླང་བྱདང་དོན་དངོས་ཟུང་འབྲེལ་ངང་སྤེལ་རེས་གཏིང་ཟབ་བྱས་ཡོད།  ཚོགས་ཞུགས་མི་སྣས་གཅིག་རྗེས་གཉིས་མཐུད་ངང་ད་ཐེངས་སྤེལ་རེས་ཀྱི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བ་དང་ལས་དོན་ཁྲོད་མངོན་པར་བྱེད་པ་དང་།  དོན་དངོས་ཀྱི་ལས་ཀའི་གྲུབ་འབྲས་ཐོག་ནས་ཏང་ཡོན་གྱི་འགན་འཁྲི་ནན་འཁུར་མངོན་པ་བྱས་ཏེ།  མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ངང་རིག་གནས་གསར་གཏོད་བོད་ལྗོངས་ཀྱི་ཁུལ་ཁོངས་སྤྱི་སྤྱོད་སྤུས་རྟགས་གཏོད་དེ་མི་རིགས་རིག་གནས་འཛམ་གླིང་ལ་ཁ་ཕྱོགས་རྒྱུར་སྣེ་ཁྲིད་བྱ་རྒྱུ་ཡིན་ཞེས་བཤད།།

  ༼  ཡིག་བསྒྱུར་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]