དྲང་བཞག་ཀུན་ལ་ཁྱབ་ཅེས་བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་མཐོང་དགའ་གྲོང་ཚོར་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   དོན་གྲུབ་ཚེ་རིང་།      སྤེལ་དུས།   2019-07-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བདུན་པའི་ཚེས ༡༧ ཉིན།  དྲང་བཞག་ས་གཞི་ཀུན་ལ་ཁྱབ་ཅེས་བརྗོད་དོན་གཙོ་བོར་བྱས་པའི་དྲང་བཞག་གི་འདུ་ཤེས་སྡེ་ཁུལ་དུ་སྐྱོད་པའི་དྲིལ་བསྒྲགས་བྱེད་སྒོ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཤང་མཐོང་དགའ་གྲོང་ཚོར་གཉེར་བ་རེད།  རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཁྱིམ་ཚང་སློབ་གསོ་མཐུན་ཚོགས་ཀྱི་དགེ་རྒན་ཐུབ་བསྟན་ལགས་ནས་ས་གནས་ས་ཐོག་ཏུ་གྲོང་མི་ཚོར་དྲང་བཞག་ཡིད་རྟོན་གྱི་གཏམ་རྒྱུད་གླེང་བ་དང་།  དྲང་བཞག་རྒྱུན་འཁྱོངས་དགོས་པའི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་སློབ་གསོ་བཏང་བ་མ་ཟད།  གྲོང་མིས་རང་ངོས་ནས་དྲང་པོ་དྲང་བཞག་བྱེད་པའི་འདུ་ཤེས་མུ་མཐུད་ཟབ་ཏུ་བཏང་སྟེ།  དྲང་བཞག་དོན་གཉེར་བྱེད་མཁན་ཞིག་ཏུ་འབད་བརྩོན་བྱེད་དགོས་པའི་སློབ་གསོ་ཡང་བཏང་ཡོད།

མཐོང་དགའ་གྲོང་ཚོའི་གྲོང་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་རང་ཉིད་ནས་འགོ་བཙུགས་ཏེ་ཁ་ཞེ་གཉིས་མེད་དང་དྲང་པོ་དྲང་བཞག་བྱེད་མཁན་ཞིག་བྱས་ནས་ཁྱིམ་མི་བུ་ཕྲུག་ཚོར་མིག་དཔེ་གང་ལེགས་འདོན་རྒྱུ་ཡིན་ལུགས་བཤད།།

  ༼  ཡིག་བསྒྱུར་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]