ང་དང་ངའི་མེས་རྒྱལ་ཞེས་བརྗོད་གཞིར་བྱས་པའི་ས་མཐོའི་སློབ་མར་གསར་བརྗེའི་སློབ་གསོ་གཏོང་བའི་བྱེད་སྒོ་སྤེལ་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧྲེ་ཞོན་ཡང་།      སྤེལ་དུས།   2019-07-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༧ པའི་ཚེས ༢༠ ཉིན་གྱི་སྔ་དྲོ།  ལྷ་ས་གྲོང་ཁྱེར་པེ་ཅིང་སློབ་ཆུང་གི་སློབ་མ་སུམ་ཅུ་ལྷག་ཙམ་ཐཱན་ཀོན་སཱན་གྱི་དྲན་གསོ་ཁང་དུ་བསྐྱོད་ནས་གསར་བརྗེའི་ཡུལ་སྐོར་བརྗོད་དོན་གཙོ་བོར་བྱས་པའི་འཛིན་ཚོགས་བྱེད་སྒོ་སྤེལ་བ་དེའི་ཐོག་ནས།  ང་དང་ངའི་མེས་རྒྱལ་ཞེས་བརྗོད་གཞིར་བྱས་པའི་ས་མཐོའི་སློབ་མར་གསར་བརྗེའི་སློབ་གསོ་གཏོང་བའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་གྱི་ཡོད། 

ཤེས་རྟོགས་བྱས་པར་གཞིགས་ན།  ད་ཐེངས་ཀྱི་བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་རྒྱལ་སྲུང་སློབ་གསོ་གཞུང་ལས་ཁང་གིས་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་རང་སྐྱོང་ལྗོངས་སློབ་གསོ་ཐིང་།  ཀྲུང་གོ་ཚེ་རྟེན་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སི་སོགས་དང་མཉམ་འབྲེལ་ཐོག་རང་ལྗོངས་ཀྱི་གྲོང་ཁྱེར༼ ས་ཁུལ ༽བདུན་དུ་སྤེལ་བ་ཞིག་ཡིན་ཞིང་།  སློབ་གྲྭ་འབྲིང་ཆུང་གི་སློབ་མས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་མྱོང་སའི་གསར་བརྗེའི་རྟེན་གཞིར་ལྟ་སྐོར་དང་གསར་བརྗེའི་གཏམ་རྒྱུད་ཉན་པ།  གསར་བརྗེའི་གླུ་གཞས་མཉམ་དུ་གཏོང་བ།  རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་གློག་བརྙན་ལྟ་བ་སོགས་བྱས་པ་བརྒྱུད།  གཞོན་ནུ་ལོ་ཆུང་གིས་དཔའ་བོ་དཔེ་བཟང་མི་སྣར་ཤེས་རྟོགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  གཞོན་ནུ་ལོ་ཆུང་གི་རྒྱལ་སྲུང་འདུ་ཤེས་དང་རྒྱལ་གཅེས་སྤྲོ་སེམས་འཕེལ་བ་བྱས་ནས་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་པ་བྱེད་རྒྱུ་རེད།

དམག་དཔོན་ཐཱན་ཀོན་སཱན་དང་དམག་སྡེ་བཅོ་བརྒྱད་པའི་དཔའ་བོ་དཔེ་བཟང་པའི་བྱས་རྗེས་ཉན་རྗེས།  ལྷ་ས་གྲོང་ཁྱེར་པེ་ཅིང་སློབ་ཆུང་ལོ་རིམ་ལྔ་པའི་འཛིན་གྲྭ་གཉིས་པའི་སློབ་མ་ཡོན་ཏན་གྱིས།  དེ་རིང་གི་བྱེད་སྒོ་འདི་བརྒྱུད་ངའི་ཤེས་རྒྱ་ཐོས་རྒྱ་ཆེ་རུ་ཕྱིན་སོང་།  ངས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་བྱེད་པ་མ་ཟད་སློབ་སྦྱོང་ཡག་པོ་བྱས་ཏེ།  སོ་སོའི་འཇོན་ཐང་རིམ་བཞིན་རྒྱས་པར་བྱས་ཏེ་བོད་ལྗོངས་འཕེལ་རྒྱས་ཡོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

སྔོན་བྱོན་དཔའ་བོའི་མཛད་རྗེས་ཉན་གྱུར་བས། ལོ་ཆུང་སློབ་མར་རྒྱལ་གཅེས་སློབ་གསོ་ཐེབས།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]