ཀྲུང་གོ་ལཱན་ཐུང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་སྐབས་བདུན་པའི་བོད་ལྗོངས་འགྲན་ཁུལ་གྱི་འདེམས་སྒྲུག་འགྲན་བསྡུར་ལྷ་སར་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ་ཚེ་རིང་།      སྤེལ་དུས།   2019-07-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བདུན་པའི་ཚེས ༢༠ ཉིན།  ཀྲུང་གོ་ལཱན་ཐུང་ཚོགས་པས་རྒྱལ་ཡོངས་ཀྱི་ཚོང་འགྲུལ་ལ་དམིགས་པའི་ཕིང་ཕང་སྤོ་ལོའི་འགྲན་བསྡུར་སྐབས་བདུན་པའི་བོད་ལྗོངས་ཁུལ་གྱི་འདེམས་སྒྲུག་འགྲན་བསྡུར་ལྷ་སར་སྤེལ་འགོ་ཚུགས་པ་རེད།  རང་ལྗོངས་ཀྱི་ས་ཕྱོགས་ཁག་ནས་ཡོང་བའི་འགྲན་ཞུགས་པ ༣༠༠ ལྷག་གིས་རང་རང་སོ་སོའི་རྩལ་ནུས་ངོམས་ཤིང་རྒྱལ་ཕམ་འགྲན་བསྡུར་བྱས་ཡོད།

ད་ཐེངས་ཀྱི་འགྲན་རྩོད་ནང་ཞུགས་མཁན་རྣམས་ཚོགས་ཆུང་མི་འདྲ་བ ༩ ལ་དབྱེ་ཡོད་པ་སྟེ།  ཁག་སོ་སོར་སྐྱེས་པ་དང་བུད་མེད་ཀྱི་རང་ལོ ༨ ནས ༡༥ བར་གྱི་ཚོགས་ཆུང་དང་།  རང་ལོ ༡༦ ནས ༣༠ བར་གྱི་ཚོགས་ཆུང་།  རང་ལོ ༣༡ ནས ༤༥ བར་གྱི་ཚོགས་ཆུང་།  རང་ལོ ༤༦ ཡན་གྱི་ཚོགས་ཆུང་བཅས་ཁག་སོ་སོར་ཚོགས་ཆུང་བཞི་རེ་དང་།  རང་ལོ ༡༦ ནས ༦༠ བར་གྱི་ཕོ་མོ་མཉམ་བསྲེས་ཆ་རྒྱག་གི་ཚོགས་ཆུང་བཅས་ཡིན།

ཤེས་རྟོག་བྱུང་བར་གཞིགས་ན།  དུས་ཡུན་ཉིན་གཉིས་ཀྱི་འགྲན་རྩོད་བྱས་པ་བརྒྱུད་ཚོགས་ཆུང་སོ་སོའི་ཨང་དང་པོ་ཐོབ་མཁན་གྱིས་ལཱན་ཐུང་ཚོགས་པའི་སྤྱི་ཁྱབ་པུའུ་གནས་ཡུལ་ནན་ཅིང་དུ་རྒྱལ་ཡོངས་ཀྱི་ཞིང་ཆེན༼ གྲོང་ཁྱེར་དང་རང་སྐྱོང་ལྗོངས། ༽ཁག་ནས་ཡོངས་བའི་ཚོང་འགྲུལ་གཞན་རྣམས་དང་ལྷན་དུ་མཐའ་མའི་འགྲན་རྩོད་ནང་ཞུགས་རྒྱུ་རེད།།

  ༼  ཡིག་བསྒྱུར་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]