སྤྱི་ལོ༢༠༡༩ལོའི་ནུབ་རྒྱུད་འཆར་འགོད་བོད་ལ་ཆེད་དམིགས་དང་བླངས་པའི་གསོ་སྦྱོང་འཛིན་གྲྭ་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་གྲྭར་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧྲེ་ཞོན་ཡང་།      སྤེལ་དུས།   2019-07-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བདུན་པའི་ཚེས ༢༢ ཉིན་གྱི་སྔ་དྲོ།  སྤྱི་ལོ ༢༠༡༩ ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་འགོད་བོད་ལ་ཆེད་དམིགས་དང་བླངས་པ་ལས་གནས་ཐོག་ཏུ་མ་སྐྱོད་གོང་གི་གསོ་སྦྱོང་འཛིན་གྲྭ་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་གྲྭར་གཉེར་བ་རེད།

ད་ཐེངས་གསོ་སྦྱོང་དེ་དུས་ཡུན་ཉིན་ལྔ་ཡིན་ཞིང་།  གསོ་སྦྱོང་འཛིན་གྲྭ་དེར་སློབ་ཁྲིད་བྱེད་མཁན་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་རིགས་གཅིག་མཁས་པ་དང་མཁས་དབང་གདན་ཞུ་བྱས་ཡོད།  གསོ་སྦྱོང་སློབ་ཚན་གྱི་ནང་དོན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་།  མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན།  རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་གཙོ་དོན་སློབ་གསོ།  བོད་ལྗོངས་བསྒྱུར་བཅོས་དང་འཕེལ་རྒྱས།  བརྟན་ལྷིང་ཐད་ཀྱི་འགྱུར་ལྡོག་གསར་པ་དང་རྣམ་པ་གསར་པ།  བོད་ཀྱི་ལོ་རྒྱུས་དང་རིག་གནས།  གནས་བབ།  མཐོ་སྒང་བདག་སྲུང་གི་ཤེས་བྱ།  དེ་བཞིན་ནུབ་རྒྱུད་འཆར་འགོད་ཀྱི་དང་བླངས་ཞབས་ཞུའི་སྒྲིག་ཁྲིམས་དང་འབྲེལ་ཡོད་བླང་བྱ་སོགས་ཚུད་ཡོད།།

  ༼  ཡིག་བསྒྱུར་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]