ལོ༦༠ཡི་རིང་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་ཕྱིན།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧོ་ཤིའི་གཡན། དངོས་སྦྱོང་གསར་འགོད་པ་སཱ་ཅ...      སྤེལ་དུས།   2019-07-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གསར་འགོད་པས་སྤྱི་ཟླ་བདུན་པའི་ཚེས ༢༥ ཉིན་གྱི་སྔ་དྲོ།  བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ ༦༠ ཡི་རིང་ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ལོ ༦༠ ཡི་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་འཕེལ་རྒྱས་དང་བརྟན་ལྷིང་།  སྣོད་བཅུད་བཅས་དོན་ཆེན་གསུམ་དོན་གཉེར་ཏན་ཏིག་བྱས་པས།  དཔལ་འབྱོར་དང་སྤྱི་ཚོགས་ལ་སྔར་བྱུང་མྱོང་མེད་པའི་མཆོང་སྐྱོད་དང་འཕེལ་རྒྱས་ཆེན་པོ་བྱུང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མ་ཟད།  མི་རིགས་མཐུན་སྒྲིལ་འཆམ་མཐུན་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་།  དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས།  དམངས་འཚོ་རྒྱུན་མཐུད་ལེགས་གཏོང་།  སྣོད་བཅུད་བཟང་པོ་རྒྱུན་འཁྱོངས།  མཐའ་མཚམས་ཁུལ་དུ་མཐའ་སྲུང་སྲ་བརྟན།  ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཀྱང་མངོན་ཡོད།

ལྷག་པར་དུ་ཉེ་བའི་ལོ་ཤས་རིང་།  ཉིང་ཁྲི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བ་དང་ཐོན་ལས་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།  དམངས་འཚོའི་བྱ་གཞག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ།  བསྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཐེབས་པ།  སྐྱེ་ཁམས་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་ཐུབ་པ།  སྤྱི་ཚོགས་ཀྱི་དུས་བབ་ཞི་མཐུན་བརྟན་ལྷིང་ཡིན་པ་བཅས་ལས་དེ་གའི་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་ཕྱོགས་བསྡུས་དངོས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་སོགས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༡༩༨༦ ལོར་ཉིང་ཁྲི་ས་ཁུལ་སླར་གསོ་བྱེད་སྐབས་དང་བསྡུར་ཚེ།  ཉིང་ཁྲི་གྲོང་ཁྱེར་དུ་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་དེ་སྒོར་དུང་ཕྱུར ༠.༦༦ ནས་སྤྱི་ལོ ༢༠༡༨ ལོའི་སྒོར་དུང་ཕྱུར ༡༥༡.༡ བར་འཕར་ནས་འཕར་ཚད་ལྡབ ༢༢༦ ལྷག་ཙམ་ཟིན་པ་དང་།  རྒྱལ་ནང་ཐོན་སྐྱེད་རིན་ཐང་ཆ་སྙོམས་མི་རེར་དབང་ཚད་སྒོར ༥༢༡ ཡིན་པ་ནས་སྤྱི་ལོ ༢༠༡༨ ལོའི་སྒོར ༦༥༠༥༤ བར་འཕར་བ་དེ་ལྗོངས་ཡོངས་ཀྱི་སྒོར ༢༡༦༥༦ ལས་མཐོ་བ་ཡོད།  ནོར་སྲིད་ཡོང་འབབ་སྒོར་ཁྲི ༣༥༤༡ ནས་སྤྱི་ལོ ༢༠༡༨ ལོའི་སྒོར་དུང་ཕྱུར ༡༣.༨ བར་འཕར་ནས་འཕར་ཚད་ལྡབ ༣༨ ཟིན་པ།  གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ་སྒོར ༤༢༥ ནས་སྤྱི་ལོ ༢༠༡༨ ལོའི་སྒོར ༡༤༨༢༠ བར་འཕར་ནས་འཕར་ཚད་ལྡབ ༣༥ ཙམ་ཟིན་ཡོད།  གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ཀྱང་སྒོར ༢༠༣ གྱིས་མཐོ་བ་ཡོད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]