ལྷ་ས་གྲོང་ཁྱེར་གྱིས༢༠༡༩ལོའི་དབྱར་དུས་གནད་འཕིག་དབུལ་སྐྱོར་གྱི་ཆེད་དོན་གདན་ཞུའི་འདུ་འཛོམས་ཆེ་གྲས་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   དོན་གྲུབ་ཚེ་རིང་། དངོས་སྦྱོང་གསར་འགོད་པ...      སྤེལ་དུས།   2019-07-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤོ་འགྱུར་ལས་ཞུགས་ལ་སྐུལ་འདེད་བཏང་ནས་དབུལ་གྲོལ་འབབ་འཕར་ཡོང་བ་བྱེད་ཅེས་བརྗོད་དོན་གཙོ་བོར་བྱས་པའི་སྤྱི་ལོ ༢༠༡༩ ལོའི་ལྷ་ས་གྲོང་ཁྱེར་གྱི་དབྱར་དུས་གནད་འཕིག་དབུལ་སྐྱོར་དང་།  ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་འགྱུར་ལས་ཞུགས་ལ་བརྟེན་ནས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཆེད་དོན་གདན་ཞུའི་འདུ་འཛོམས་ཆེ་གྲས་ཉེ་དུས་ལྷ་ས་གྲོང་ཁྱེར་གྲོང་མིའི་ཞབས་ཞུ་ལྟེ་གནས་ཀྱི་ཐང་ཆེན་དུ་གཉེར་བ་རེད།
གདན་ཞུའི་འདུ་འཛོམས་ཐོག་མི་བེད་སྤྱོད་བྱེད་མཁན་ཚན་པ ༡༤༢ ཀྱིས་རྩིས་པ་དང་དྲུང་ཡིག  ཨར་ཁང་དོ་དམ།  ཚོང་གཉེར།  མགྲོན་ཞབས་སོགས་དང་འབྲེལ་བའི་ལས་གནས ༢༦༤༩ མཁོ་འདོན་བྱས་པའི་ནང་།  གཙང་སྦྲ་དང་བདེ་སྲུང་སོགས་ཞིང་འབྲོག་པར་འཚམས་པའི་ལས་གནས ༡༣༡༤ ཚུད་ཡོད།  བྱེད་སྒོ་སྤེལ་ཡུལ་དུ་ད་དུང་སྲིད་ཇུས་བློ་འདྲིའི་ས་ཚིགས་བཙུགས་ནས་ཞིང་འབྲོག་མང་ཚོགས་ཚོར་སྲིད་ཇུས་ཐད་ཀྱི་བློ་འདྲིའི་ཞབས་ཞུ་ཡང་མཁོ་འདོན་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།  ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པས་གོམ་སྟབས་རྗེས་མར་མུ་མཐུད་ལས་རིགས་ངོ་སྤྲོད་དང་སྲིད་ཇུས་འགྲེལ་བཤད།  ལས་གནས་མཁོ་འདོན་སོགས་ལས་ཞུགས་ཞབས་ཞུའི་རིགས་ཡག་པོ་སྒྲུབ་ནས།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་དང་དེ་བཞིན་ཞིང་འབྲོག་པའི་ངལ་ནུས་ལྷག་མར་ལས་ཞུགས་སྦྲེལ་མཐུད་ཀྱི་སྟེགས་བུ་སྐྲུན་གང་ཐུབ་བྱེད་རྒྱུ་རེད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]