རང་ལྗོངས་ཀྱིས་ལས་བཟོ་པའི་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ་ཚེ་རིང་། དངོས་སྦྱོང་གསར་འགོད་པ་...      སྤེལ་དུས།   2019-07-31

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལས་བཟོ་པའི་ལུས་རྩལ་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བ་དང་།  ལས་བཟོ་པའི་གཟུགས་པོའི་བྱང་ཚད་དང་བདེ་ཐང་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་བ།  ལས་བཟོ་པའི་ལུས་རྩལ་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱ་ཆེད།  ཉེ་ཆར་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་དང་རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན།  རང་སྐྱོང་ལྗོངས་ལུས་རྩལ་ཨུ་ལྷན།  རང་སྐྱོང་ལྗོངས་སློབ་གསོ་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་རང་སྐྱོང་ལྗོངས་ཀྱི་ལས་བཟོ་པའི་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་འགོ་ཚུགས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན།  ཤེས་དཔལ་དང་མཛའ་གྲོགས།  འབད་འཐབ།  ཡར་རྒྱས་བཅས་དམིགས་ཡུལ་དུ་བྱས་ཤིང་། གཟབ་རྒྱས་དང་མང་ཚོགས།  བདེ་འཇགས།  གྲོན་ཆུང་བཅས་ཀྱི་རྩ་དོན་གཞིར་བཟུང་གཉེར་བའི་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་དུས་ཡུན་ཉིན ༥ ཡིན་པ་དང་།   འཐུས་མི་རུ་ཁག ༡༢ ཀྱི་ལུས་རྩལ་པ ༡༥༠༠ ལྷག་ཙམ་གྱིས་སྤོ་ལོའི་རིགས་དང་མཆོངས་རྒྱུག་འཕེན་གསུམ།  མིག་མངས་དང་ཏག་སེ་སོགས་རིགས་ཆེན་པོ་བཞིའི་རྣམ་གྲངས་ཁག ༣༠ ཡི་འགྲན་བསྡུར་ནང་ཞུགས་རྒྱུ་རེད།

བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝང་ཁྲུན་ཏིང་གིས་ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་གཉེར་བ་དེས་དཔའ་ངར་ཆེ་ལ་ཞུམ་པ་མེད་པའི་གཤིས་ཀ་དང་།  རང་ཉིད་ལས་བརྒལ་བའི་གཤིས་རྒྱུད།  འགྲན་སློང་ལ་བསུ་བ་ཞུ་བའི་སྙིང་སྟོབས།  ཉེན་ཁ་དང་དུ་ལེན་པའི་ནུས་པ་བཅས་གསོ་སྐྱོང་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་།  འགྲན་རྩོད་ཀྱི་འདུ་ཤེས་དང་རོགས་ལས་ཀྱི་སྙིང་སྟོབས།  དྲང་གཞག་གི་འདུ་ཤེས་བཅས་སྐྱེད་སྲིང་བྱ་རྒྱུར་ཕན་ཐོགས་ཡོད་པ།  ལས་བཟོ་དང་མང་ཚོགས་ཕན་ཚུན་དབར་མཛའ་གྲོགས་དང་མཐུན་སྒྲིལ་ཟབ་གཏོང་བྱ་རྒྱུར་ཕན་ཐོགས་ཡོད་པ།  ཤེས་དཔལ་ཞི་མཐུན་གྱི་ལས་ཀའི་འཚོ་བའི་ཁོར་ཡུག་གཏོད་རྒྱུར་ཕན་ཐོགས་ཡོད་པ།  ལས་བཟོ་དང་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ།  སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་རྒྱུར་ཕན་ཐོགས་ཡོད་པ།  སེམས་ནུས་གཅིག་ཏུ་ཕྱོགས་པའི་གོང་བུ་སྒྲིལ་ཤུགས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་བཅས་རེད་ཅེས་ངོ་སྤྲོད་གནང་།

ཤེས་རྟོགས་བྱུང་བར་གཞིགས་ན།  ཉེ་བའི་ལོ་ཤས་རིང་།  རང་ལྗོངས་ཀྱིས་ལས་བཟོ་པའི་ལུས་རྩལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ལྗོངས་ཡོངས་ཀྱི་ལས་བཟོ་པའི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་དང་།  ཕིང་ཕང་སྤོ་ལོའི་འགྲན་བསྡུར།  རླུང་འཕྲིན་ལུས་རྩལ་གྱི་འགྲན་བསྡུར་སོགས་འགྲན་བསྡུར་སྤེལ་བ་དང་།  རིམ་ཁག་བཟོ་ཚོགས་ཀྱིས་སྤོ་ལོའི་རིགས་དང་མཆོང་རྒྱུག་འཕེན་གསུམ་གྱི་རིགས།  མིག་མངས་དང་ཏག་སེའི་རིགས།  རླུང་འཕྲིན་ལུས་རྩལ་སོགས་རིགས་ཁག་གི་ལས་བཟོའི་ལུས་རྩལ་རྣམ་གྲངས་རྒྱ་ཁྱབ་ངང་སྤེལ་བ་མ་ཟད།  རྒྱ་ཆེའི་ལས་བཟོ་པ་ཚོས་བྱེད་སྒོའི་ནང་ཧུར་ཐག་ཞུགས་པས།  ལས་བཟོ་པའི་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་དང་ལས་བཟོ་པའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ནས་ཕན་འབྲས་ཀྱང་བཟང་པོ་ཐོན་ཡོད།།

  ༼  ཡིག་བསྒྱུར་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]