བོད་སྡོད་མཁའ་དམག་ས་ཚིགས་ཤིག་གིས་དམག་འཛུགས་དུས་ཆེན་མཚམས་སུ་དམག་སྒར་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ་ཚེ་རིང་།      སྤེལ་དུས།   2019-08-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

འུར་སྒྲ་ལྡིར་ཤིང་འཕུར་རྩལ་ངོམས་བཞིན་པའི། དམག་འཐབ་གནམ་གྲུའི་ཉམས་བཟང་ཅི་ལས་མཚར།

དམག་འཛུགས་དུས་ཆེན་འཆར་ཉེའི་མཚམས་ཀྱི་སྤྱི་ཟླ་བདུན་པའི་ཚེས ༣༠ ཉིན།  ནུབ་རྒྱུད་འཐབ་ཁུལ་གྱི་བོད་སྡོད་མཁའ་དམག་ས་ཚིགས་ག་གེ་མོས།  བརྩེ་བ་རྒྱལ་སྲུང་ལས་ལ་བཅངས། དགུང་སྔོན་དབྱིངས་སུ་ཕུག་འདུན་མངོན་ཞེས་བརྗོད་དོན་གཙོ་བོར་བྱས་པའི་དམག་སྒར་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྐབས་གཉིས་པ་སྤེལ་བ་དང་།  ད་ཐེངས་ཀྱི་བྱེད་སྒོར་བཅའ་སྡོད་ཁུལ་གྱི་སྲིད་གཞུང་དང་དམངས་སྤྱོད་མཁའ་འགྲུལ།  བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚན་པ ༡༥ དང་།  བཅའ་སྡོད་ཁུལ་གྱི་གྲོང་མི་དང་དཔོན་དམག་གྱི་ཁྱིམ་མི་བཅས ༦༠༠ ལྷག་ཙམ་གདན་ཞུ་བྱས་ཡོད།

ཕོ་གཞོན་རྩལ་ལག་རྒྱས་ནས། དགྲ་བརྟུལ་འགན་སྲུང་ཡོད་དོ།

བྱེད་སྒོ་སྤེལ་རིང་ས་ཚིགས་དེས་མི་རྣམས་སྒྲིག་འཛུགས་བྱས་ཏེ་ཐག་ཉེ་ས་ནས་དམག་འཐབ་གནམ་གྲུ་དང་ཐད་འཕུར་གནམ་གྲུ།  འཕུར་སྐྱོད་འགན་ལེན་གྱི་སྒྲིག་བཀོད་སྣ་ཚོགས་བཅས་ལ་རྒྱུད་མངའ་བྱེད་དུ་བཅུག་པ་མ་ཟད།  དཔུང་སྡེའི་རིག་གནས་ཁྱམས་ར་དང་གཟི་བརྗིད་མཚན་སྙན་ཁང་།  ཉལ་ཁང་གི་བཀོད་པ་སོགས་ལ་ལྟ་སྐོར་ཡང་བྱེད་དུ་བཅུག་ནས་མཁའ་དམག་གི་འཕེལ་རྒྱས་དང་འཛུགས་སྐྱོང་ཐད་ཐོབ་པའི་ཡར་ཐོན་གྱི་རྣམ་པ་གང་ལེགས་མངོན་པར་བྱས་ཡོད་པས།  ལྟད་མོ་བས་དུས་རབས་གསར་པའི་མཁའ་དམག་དཔུང་སྡེའི་དཔོན་དམག་གི་བསམ་པའི་ཉམས་འགྱུར་ཤེས་རྟོགས་ཐུབ་པ་དང་སྦྲགས་རང་སོ་སོའི་རྒྱལ་སྲུང་གི་འདུ་ཤེས་ཀྱང་ཟབ་ཏུ་གཏོང་རྒྱུར་སྐུལ་མ་ཐེབས་ཡོད།

གནམ་ཀུན་མཐོང་ཐོས་ཙམ་རེད། ད་ཐེངས་ལག་གིས་རེགས་བྱུང་།

མཁའ་དམག་ས་ཚིགས་དེའི་ཆབ་སྲིད་ལས་དོན་ཁྲུའི་ཀྲུའུ་རེན་ལཱེང་ཁྲའོ་ཡིས།  ད་ཐེངས་ཀྱི་དམག་སྒར་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་འདི་བརྒྱུད་མི་དམངས་མང་ཚོགས་ཀྱི་རྒྱལ་སྲུང་འདུ་ཤེས་ཟབ་ཏུ་གཏོང་ཐུབ་ངེས་རེད་ལ།  དམག་དམངས་ཉ་ཆུ་ལྟ་བུའི་འབྲེལ་བ་ཡང་ཟབ་ཏུ་ཕྱིན་ཏེ་བཅའ་སྡོད་ཁུལ་གྱི་མང་ཚོགས་ཚོས་དམག་དཔུང་ནང་ཞུགས་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི་སྐུལ་སློང་བསམ་པ་ཤུགས་ཆེར་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།།

བདག་ཡིད་དཔའ་བོའི་ཕྱོགས་ལ། གུས་བརྩེའི་མེ་ཏོག་ཕུལ་ཡོད།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]