མི་དམངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་པར་གཞི་བཏོན་ནས་ལོ༡༠འཁོར་བའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བསོད་ནམས་ཉི་མ།      སྤེལ་དུས།   2019-08-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

མི་དམངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་པར་གཞི་བཏོན་ནས་ལོ ༡༠ འཁོར་བའི་བཞུགས་མོལ་ཚོགས་འདུ་ཉེ་དུས་ལྷ་སར་འཚོགས་པ་རེད།  ངོ་སྤྲོད་བྱས་པར་གཞིགས་ན།  ད་ཆ་མི་དམངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་པར་གཞི་འགྲེམས་སྤེལ་བྱེད་ཚད་ཉིན་རེར་ཁྲི ༦.༧ ལྷག་ཙམ་ཟིན་ནས་རང་རྒྱལ་དུ་འགྲེམས་སྤེལ་བྱེད་མང་ཤོས་ཀྱི་བོད་ཡིག་ཚགས་པར་དུ་གྱུར་ཡོད།

ཚོགས་འདུའི་ཐོག  མི་དམངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་པར་གཞི་དེ་སྤྱི་ལོ ༢༠༠༩ ལོའི་ཟླ ༨ པའི་ཚེས ༡ ཉིན་ནས་བཏོན་འགོ་ཚུགས་ཤིང་།  མི་དམངས་ཉིན་རེའི་ཚགས་པར་ཁང་གིས་བདག་སྤྲོད་བྱེད་མུས་ལ། མི་དམངས་ཉིན་རེའི་ཚགས་པར་ཁང་དང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་གཙོ་གཉེར་བྱས་ཐོག་ཉིན་ལྟར་པར་གཞི་བཞི་རེ་པར་སྐྲུན་བྱས་ཏེ་བོད་རང་སྐྱོང་ལྗོངས་དང་།  དེ་བཞིན་སི་ཁྲོན་དང་ཡུན་ནན།  ཀན་སུའུ།  མཚོ་སྔོན་བཅས་ཞིང་ཆེན་བཞིའི་བོད་རིགས་ཁུལ་ལ་འགྲེམས་སྤེལ་བྱེད་ཀྱི་ཡོད།  མི་ལོ་བཅུའི་རིང་མི་དམངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་པར་གཞིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གསར་འགྱུར་གྱི་གླེང་ཕྱོགས།  རིན་ཐང་གི་ཁ་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏེ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དྲིལ་བསྒྲགས་ཤུགས་ཆེན་དང་། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། མཛད་ཕྱོགས་སྲིད་ཇུས་བཅས་དྲིལ་བསྒྲགས་ཤུགས་ཆེན།  རྒྱལ་ཁབ་ཕྱི་ནང་གི་གལ་ཆེའི་གསར་འགྱུར་དང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ཁུལ་གྱི་གལ་ཆེའི་གསར་འགྱུར་གཏོང་སྤེལ་ཤུགས་ཆེན་བཅས་བྱས་པས།  བོད་རང་སྐྱོང་ལྗོངས་དང་དེ་མིན་ཞིང་ཆེན་བཞིའི་བོད་རིགས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་ཆེད་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་ངོ་སྤྲོད་གནང་།།

  ༼  ཡིག་བསྒྱུར་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]