བོད་རང་སྐྱོང་ལྗོངས་ཀྱི་ལས་བཟོ་པའི་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་བདེ་བླག་ངང་མཇུག་སྒྲིལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ་ཚེ་རིང་།      སྤེལ་དུས།   2019-08-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་རང་སྐྱོང་ལྗོངས་ཀྱི་ལས་བཟོ་པའི་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་སྤྱི་ཟླ་བརྒྱད་པའི་ཚེས ༢ ཉིན་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་བདེ་བླག་ངང་མཇུག་སྒྲིལ་བ་དང་།  ད་རེས་ཀྱི་ཉིན་དགུའི་ལུས་རྩལ་འགྲན་ཚོགས་ཐོག་ཛ་དྲག་འགྲན་བསྡུར་བྱས་པ་བརྒྱུད་འཐུས་མི་ཚོགས་པ་ཁག་ལ་གྲུབ་འབྲས་ཀྱང་བཟང་པོ་ཐོབ་ཡོད།
དེ་ཡང་ཁག་སོ་སོར་ལྷ་ས་གྲོང་ཁྱེར་གྱི་འཐུས་མི་ཚོགས་པར་གཟེངས་བསྟོད་རྟགས་མ ༩༢ དང་།  ཉིང་ཁྲི་གྲོང་ཁྱེར་གྱི་འཐུས་མི་ཚོགས་པར་གཟེངས་བསྟོད་རྟགས་མ ༨༥  ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པར་གཟེངས་བསྟོད་རྟགས་མ ༤༡  གཞིས་རྩེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པར་གཟེངས་བསྟོད་རྟགས་མ ༣༩  བོད་ལྗོངས་དངུལ་རྩའི་ཁོངས་གཏོགས་ཀྱི་འཐུས་མི་རུ་ཁག་ལ་གཟེངས་བསྟོད་རྟགས་མ ༣༥  ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་འཐུས་མི་ཚོགས་པ་ལ་གཟེངས་བསྟོད་རྟགས་མ ༢༢  སློབ་གསོའི་ཁོངས་གཏོགས་ཀྱི་འཐུས་མི་རུ་ཁག་ལ་གཟེངས་བསྟོད་རྟགས་མ ༡༨  ལྷོ་ཁ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པར་གཟེངས་བསྟོད་རྟགས་མ ༡༢  ནག་ཆུ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པར་གཟེངས་བསྟོད་རྟགས་མ ༣  ལྗོངས་སྲིད་གཞུང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་འཐུས་མི་རུ་ཁག་ལ་གཟེངས་བསྟོད་རྟགས་མ ༣  སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་མཉམ་ཚོགས་ཀྱི་བཟོ་ཚོགས་འཐུས་མི་རུ་ཁག་ལ་གཟེངས་བསྟོད་རྟགས་མ ༣ བཅས་ཐོབ་ཡོད།

ནང་མའི་སྲོལ་རྒྱུན་ཞབས་བྲོ་དབྱངས་ཅན་རྡོག་རྡོག་ཞེས་པའི་ངོ་མཚར་ཉམས་འགྱུར།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ལྗོངས་ཡོངས་ཀྱི་ལས་བཟོ་པའི་ལུས་རྩལ་འགྲན་ཚོགས་ཀྱི་འདེམས་སྒྲུག་འགྲན་བསྡུར་ཁག་སྤྱི་ཟླ་བཞི་པ་ནས་བཟུང་ལྗོངས་ཐད་གཏོགས་ལས་ཁུངས་ཁག་དང་ཐོན་ལས་ཁོངས་གཏོགས་ཁག  ས་ཁུལ༼ གྲོང་ཁྱེར ༽ཁག་བཅས་སུ་རིམ་པ་སྟར་ཆགས་སུ་བྱེད་འགོ་ཚུགས་ཤིང་།  རྐང་རྩེད་སྤོ་ལོ་དང་ལན་ཆིའུ་སྤོ་ལོ།  མཆོང་རྒྱུག་འཕེན་གསུམ།  ཕིང་ཕང་སྤོ་ལོ།  མིག་མངས་རིགས།  ཤོ་རྩེད་སོགས་རྣམ་གྲངས་ཁག་གི་འགྲན་བསྡུར་ཐེངས་མང་བྱས་པ་བརྒྱུད་མཐར་ལུས་རྩལ་པ ༡༥༠༠ ལྷག་ཙམ་ལ་ད་རེས་ཀྱི་འགྲན་བསྡུར་འདིའི་མཐའ་མཇུག་འགྲན་རྩོད་ཁག་ནང་ཞུགས་དབང་རག་ཡོད།
མཇུག་སྒྲིལ་མཛད་སྒོ་ཡང་བདེ་སྐྱིད་ལྡན་པའི་ལྷ་ས་ཞེས་པ་དང་ནང་མའི་སྲོལ་རྒྱུན་ཞབས་བྲོ་དབྱངས་ཅན་རྡོག་རྡོག་ཞེས་པ་སོགས་ངོ་མཚར་ཆེ་བའི་འཁྲབ་སྟོན་མང་དག་དང་བསྟུན་ནས་ཐུགས་གྲ་ལེགས་སྒྲིག་ངང་མཇུག་སྒྲིལ་ཡོད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]