ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བསོད་ནམས་ཉི་མ།      སྤེལ་དུས།   2019-08-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་ཉེ་དུས།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་བརྗོད་དོན་གཙོ་བོར་བྱས་པའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས།  རྒྱ་ཆེའི་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པ་ཚོས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བ།  ཧེ་བག་འཚོལ་བ།  དོན་འཁྱོལ་ཡག་པོ་བྱེད་པ་བཅས་ཀྱི་སྤྱིའི་བླང་བྱ་ཁོངས་སུ་ཆུད་པ་བྱས་ཏེ།  རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས་པར་གྲུབ་འབྲས་ཐོན་པ་དང་།  བསམ་བློ་དང་ཆབ་སྲིད་ལ་ཉམས་སད་ཐེབས་ཐུབ་པ།  ལས་སྒྲུབ་ལས་གཏོད་བྱེད་ལ་འགན་འཁུར་ཕོད་པ།  དམངས་ཀྱི་དཀའ་གནད་སེལ་རོགས་བྱེད་པ།  སྤྱོད་གཙང་གཞུང་དྲང་ཐད་མིག་དཔེ་སྟོན་པ་བཅས་ཀྱི་དམིགས་ཚད་གཙོ་བོ་དག་མངོན་འགྱུར་གང་ཐུབ་བྱེད་དགོས་པ་མ་ཟད།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལས་འཕྲོས་པའི་འགན་འཁྲི་འཁུར་དགོས་པ་དང་།  ཆབ་སྲིད་དང་ལོ་རྒྱུས་ཀྱིས་ཁོར་ཡུག་སྲུང་སྐྱོང་མི་སྣར་དཀྲིས་པའི་འགན་འཁྲི་ཁག་འཁུར་ཕོད་པ་ཀྱང་བྱས་ནས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་ལ།  འབག་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ཏེ་ལོ་ངོ་ ༧༠ འཁོར་བར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་ཡོད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]