གར་སྟེགས་ཟློས་གར་ཆེ་གྲས་གྱིམ་ཤིང་ཀོང་ཇོ་ཞེས་པ་སྤྱི་ཟླ་བརྒྱད་པའི་ཚེས༡༦ཉིན་ནས་དངོས་སུ་ཡོངས་བསྒྲགས་འཁྲབ་སྟོན་བྱེད་རྒྱུ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ་ཚེ་རིང་།      སྤེལ་དུས།   2019-08-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གར་སྟེགས་ཟློས་གར་ཆེ་གྲས་གྱིམ་ཤིང་ཀོང་ཇོ་ཞེས་པ་ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་ཚེ་མཆོག་གླིང་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་གྱིམ་ཤིང་ཀོང་ཇོའི་ཟློས་གར་ཁང་ནང་རྒྱན་སྤྲོས་ནང་སྦྱོང་བྱས་ཡོད།  དེའི་ཐོག་ནས་དུས་ཡུན་ལོ་གཅིག་ཙམ་རིང་གསར་རྩོམ་དང་བརྡར་ཤ་ཞིབ་ཚགས་བཅད་རྗེས་ཀྱི་གྱིམ་ཤིང་ཀོང་ཇོ་ཞེས་པ་རྒྱ་ཆེའི་གཟིགས་མོ་བ་དང་མཇལ་དུས་ཇེ་ཉེར་ཕྱིན་པ་མཚོན་ཡོད།  ཤེས་རྟོགས་བྱུང་བར་གཞིགས་ན།  གར་སྟེགས་ཟློས་གར་ཆེ་གྲས་གྱིམ་ཤིང་ཀོང་ཇོ་ཞེས་པ་སྤྱི་ཟླ་བརྒྱད་པའི་ཚེས ༡༦ ཉིན་དངོས་སུ་ཡོངས་བསྒྲགས་འཁྲབ་སྟོན་ཐེངས་དང་པོ་བྱ་རྒྱུ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  གྱིམ་ཤིང་ཀོང་ཇོ་ཞེས་པའི་ཟློས་གར་འདིར་ལོ ༡༣༠༠ ལྷག་ཙམ་གོང་གྱིམ་ཤིང་ཀོང་ཇོ་རྒྱ་ནག་ནས་བོད་ཀྱི་བཙན་པོའི་ཁབ་ཏུ་ཕེབས་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་བརྗོད་ཡོད་ཅིང་།  བོད་ཀྱི་རིག་གནས་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས་རྒྱ་བཟའ་ཀོང་ཇོ་ཞེས་པ་དེའི་ནང་རྒྱ་བཟའ་བོད་དུ་ཕེབས་པའི་ལམ་བར་གྱི་ངལ་བ་དང་སེམས་ཁམས་ཀྱི་འགྱུར་ལྡོག་གཙོ་བོར་མཚོན་ཚུལ་དང་མི་འདྲ་བར།  གྱིམ་ཤིང་ཀོང་ཇོ་ཞེས་པའི་ནང་ཀོང་ཇོ་བོད་དུ་ཕེབས་རྗེས་གསོ་རིག་འཕེལ་རྒྱས་ཤུགས་ཆེ་བཏང་ཚུལ་དང་ཆུ་བེད་གསར་སྐྲུན་བྱས་ཚུལ།  ཇ་རྟའི་ཚོང་ལམ་རྒྱ་སྐྱེད་བཏང་ཚུལ།  མཐའ་མཚམས་མང་ཚོགས་ལ་བདེ་སྐྱིད་སྐྲུན་ཚུལ་སོགས་མངོན་པར་བྱས་ཡོད་ལ།  མཐོ་བོད་བཙན་པོའི་དུས་སྐབས་ཀྱི་དཔལ་འབྱོར་དང་རིག་གནས།  དེ་བཞིན་ཞིང་ལས་ཐོན་སྐྱེད་སོགས་ཐད་ཐོན་པའི་ཤུགས་རྐྱེན་ཟབ་མོ་ཡང་མཚོན་པར་བྱས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན།  གྱིམ་ཤིང་ཀོང་ཇོ་ཞེས་པའི་གར་སྟེགས་ཟློས་གར་དེ་ནི་བོད་ཀྱི་རིག་གནས་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས་འུན་ཤིང་ཀོང་ཇོ་ཞེས་པའི་རྒྱུན་མཐུད་ལེ་ཚན་ཞིག་ཡིན་པའི་ངོས་ནས།  འཁྲབ་སྟོན་གྱི་རྣམ་པ་གསར་རྐྱང་དང་དེང་རབས་ཀྱི་མཚོན་ཐབས་ཐོག་ནས་བོད་རིགས་སྤུན་ཟླ་ཚོས་དད་གུས་བྱེད་སའི་གྱིམ་ཤིང་ཀོང་ཇོའི་གཟུགས་བརྙན་གསོན་ཉམས་ལྡན་པའི་ངང་བཟོ་བཀོད་བྱས་ཏེ།  བསྐལ་པ་སྟོང་གི་བར་དར་ཐུབ་པའི་བོད་རྒྱ་མི་རིགས་དབར་གྱི་མཛའ་གྲོགས་མཚོན་པའི་ལོ་རྒྱུས་སྙན་ངག་གི་བརྩམས་བྱ་ཕུལ་བྱུང་ཞིག་ཡིན་པ་དང་།  ཟློས་གར་དེའི་གསར་རྩོམ་དང་གཙོ་བོའི་འཁྲབ་སྟོན་བྱེད་མཁན་ཕལ་ཆེ་བ་བོད་རྒྱ་རིག་རྩལ་རྐང་འཛིན་པ་ལས་གྲུབ་པ་ཞིག་ཡིན་ལ་བོད་རྒྱ་མི་རིགས་དབར་མཉམ་ལས་བྱས་པའི་རིག་གནས་སྒྱུ་རྩལ་གྱི་ཉིང་བཅུད་ཅིག་ཀྱང་རེད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]