ད་ལོའི་ཞོ་སྟོན་སྤྱི་ཟླ་བརྒྱད་པའི་ཚེས༣༠ཉིན་ནས་སྤྱི་ཟླ་དགུ་པའི་ཚེས༥ཉིན་བར་གཉེར་རྒྱུ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧོ་ཤིའི་གཡན།      སྤེལ་དུས།   2019-08-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ས་ཕག་ལོའི་ཞོ་སྟོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྤྱི་ཚེས ༡༤ ཉིན་ལྷ་སར་འཚོགས་པ་དང་།  དགའ་སྤྲོ་འཁོལ་བའི་ཞོ་སྟོན། མཛེས་སྡུག་ལྡན་པའི་ལྷ་ས་ཞེས་བརྗོད་དོན་གཙོ་བོར་བྱས་པའི་ད་ལོའི་ཞོ་སྟོན་དེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ ༧༠ འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ ༦༠ འཁོར་བར་དྲན་གསོ་ཞུ་བའི་གཙོ་དོན་དང་དམ་པོར་བསྟུན་ཏེ།  སྤྱི་ཟླ་བརྒྱད་པའི་ཚེས ༣༠ ཉིན་ནས་སྤྱི་ཟླ་དགུ་པའི་ཚེས ༥ ཉིན་བར་ལྷ་སར་གཉེར་རྒྱུ་རེད།  འདི་ལོའི་ཞོ་སྟོན་ཐོག་ལྷ་སའི་ལོ་རྒྱུས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཕྱོགས་ཡོངས་ནས་མངོན་ཐུབ་པ་དང་།  དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ ༦༠ འཁོར་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་མངོན་ཐུབ་པ་བྱས་ཏེ།  རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་གངས་ལྗོངས་ས་མཐོའི་ཡུན་རིང་འོད་སྟོང་འཕྲོ་བའི་ལོ་རྒྱུས་རིག་གནས་དང་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་འགྲེམས་སྟོན་གང་ལེགས་བྱེད་རྒྱུ་མ་ཟད།  གྲོང་ཁྱེར་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་གོང་བུ་སྒྲིལ་ཤུགས།  གསར་གཏོད་ནུས་པ་བཅས་ཀྱང་དེ་བས་ཆེ་རུ་གཏོང་ཐུབ་པ་བྱེད་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ ༢༠༡༩ ལོའི་ལྷ་སའི་ཞོ་སྟོན་གྱིས་བྱེད་སྒོ་ཆེ་གྲས་དགུ་སྤེལ་རྒྱུ་ཡིན་པའི་ནང་ལྷ་ས་ནས་གནམ་མཚོའི་བར་རྐང་ཐང་མར་སྐྱོད་པའི་འདུ་ཚོགས་སྐབས་བཅུ་གསུམ་པ་དང་གོས་སྐུ་འགྲེམས་པ།  ལྷ་མོ་འཁྲབ་སྟོན།  ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོ།  གྱོན་ཆས་འགྲེམས་སྟོན་བྱེད་སྒོ།  ཚོང་འགུགས་མ་འདྲེན་རྣམ་གྲངས་འོས་སྦྱོར་ཚོགས་འདུ་དང་གཅིག་བསྡུས་ཐོག་རྣམ་གྲངས་ལ་མིང་རྟགས་འགོད་པའི་མཛད་སྒོ།  མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་གཟིགས་འབུལ།  བོད་ཀྱི་མིག་མངས་རྒྱག་རྩལ་ངོམས་པ།  ལྷ་སའི་ཞོ་སྟོན་ཐོག་གི་གྲགས་ཅན་ཚོང་ཟོག་ཉོ་ཚོང་བརྗེ་རེས་འདུ་ཚོགས་བཅས་ཚུད་ཡོད་པ་རེད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]