བོད་ལྗོངས་སུ་མཇུག་སྒྲིལ་བའི༢༠༡༩ལོའི་ཟི་ནུའུ་ཁའི་རྩེར་སོན་འགྲན་བསྡུར་ཐོག་ཏིང་ཅུན་ཧུལ་གྱིས་སཱལ་པིའི་ཁ་གཏད་ཆོག་མེད།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བསོད་ནམས་ཉི་མ།      སྤེལ་དུས།   2019-08-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བརྒྱད་པའི་ཚེས ༡༥ ཉིན་གྱི་དགོང་མོ་བོད་ལྗོངས་སུ་མཇུག་སྒྲིལ་བའི ༢༠༡༩ ལོའི་ཟི་ནུའུ་ཁའི་རྒྱག་སྐོར ༢༥ ནས ༡༣ ཐོབ་མཁན་ལ་རྒྱལ་བར་བརྩི་བའི་རྩེར་སོན་འགྲན་བསྡུར་གྱི་དུས་རིམ་གསུམ་པའི་འགྲན་རྩོད་ནང་ཏིང་ཅུན་ཧུལ་དང་སཱལ་པི་དབར་བསྡུར་གྲངས ༣ དང་ ༣ གྱི་ཐོག་ནས་ཐོབ་ཤོར་བྱུང་མེད་ན་ཡང་།  རྒྱག་སྐོར ༢༡ པའི་ཐོག་ཏིང་ཅུན་ཧུལ་གྱིས་ད་ཐེངས་འགྲན་བསྡུར་ཐོག་རྒྱག་གཅིག་མར་སྐར་མ ༡༤༧ བརྒྱབ་ཐུབ་ཡོད་པ་དེ་ད་རེས་འགྲན་བསྡུར་ཐོག་སྤོ་ལོ་བ་གཉིས་དབར་ཐོན་པའི་སྐར་གྲངས་ཆ་ཚང་ལོན་ཐེངས་གཅིག་རང་དེ་ཡིན།

ཏིང་ཅུན་ཧུལ་གྱིས་རྩལ་ཉམས་ངོམས་བཞིན་པ།

སྤྱིའི་གྲུབ་འབྲས་ཐད་བསྡུར་གྲངས ༩ དང་ ༡༣ གྱི་ཐོག་ནས་རང་རྒྱལ་གྱི་སྤོ་ལོ་བ་ཏིང་ཅུན་ཧུལ་གྱིས་དབྱིན་ཇིའི་བདམས་ཐོན་པ་མར་ཁ·སཱལ་པིའི་ཁ་གཏད་ཆོག་མེད་པ་རེད།  སྤྱི་ཚེས ༡༤ ཉིན་གྱི་དགོང་མོ་དང་ ༡༥ ཉིན་གྱི་ཉིན་མོ་བརྒྱབ་པའི་དུས་རིམ་གོང་མ་གཉིས་ཀྱི་བསྡུར་གྲངས་ནི་ཁག་སོ་སོར ༤ བསྡུར ༤ དང་།  ༦ བསྡུར ༢ ཡིན། 

མར་ཁ·སཱལ་པིས་འགྲན་རྩལ་ངོམས་བཞིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ཚེས ༡༥ ཉིན་གྱི་ཞོགས་པ་ཏིང་ཅུན་ཧུལ་དང་སཱལ་པི་རྣམ་གཉིས་ཀྱིས་ད་དུང་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ་སྐྱོད་ནས་གྲོགས་པོ་ཆུང་ཆུང་ཚོ་དང་སྤེལ་རེས་བྱས་པ་མ་ཟད།  སྒྲོམས་སྟེགས་སྤོ་ལོའི་སྒྲིག་ཆས་སོགས་ཞལ་འདེབས་ཕུལ་ཡོད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]