༢༠༡༩ལོའི་ལྷ་སའི་ལམ་ཐག་ཕྱེད་ཀའི་མལ་ར་སུན་བང་རྒྱུག་འགྲན་བསྡུར་ཉི་འོད་གྲོང་ཁྱེར་ལྷ་སར་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཀྲང་ཧུལ་ལེང་།      སྤེལ་དུས།   2019-08-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བརྒྱད་པའི་ཚེས ༡༨ ཉིན་གྱི་སྔ་དྲོ།  སྤྱི་ལོ ༢༠༡༩ ལོའི་ལྷ་སའི་ལམ་ཐག་ཕྱེད་ཀའི་མལ་ར་སུན་བང་རྒྱུག་འགྲན་བསྡུར་ཉི་འོད་གྲོང་ཁྱེར་ལྷ་སར་གཉེར་བ་རེད།  རྒྱལ་ཡོངས་ས་ཆ་ཁག་ནས་ཡོང་བའི་འགྲན་རྩོད་པ ༥༠༠༠ གིས་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་མལ་ར་སུན་བང་རྒྱུག་འགྲན་བསྡུར་གྱི་འགྲན་སློང་དང་དུ་བླངས་ཡོད་ལ།  ཁོང་ཚོས་སོ་སོའི་གོམ་སྟབས་ལ་བརྟེན་ནས་ལམ་ཐག་སྤྱི་ལེ ༥ དང་སྤྱི་ལེ ༡༠  སྤྱི་ལེ ༢༡ བཅས་ཁག་གསུམ་གྱི་འགྲན་རྩོད་ནང་ཞུགས་ཤིང་།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ ༦༠ འཁོར་རིང་གི་གྲུབ་འབྲས་ལ་དཔང་པོ་བྱས་པ་དང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ ༧༠ འཁོར་བར་བསུ་མའི་ལེགས་སྐྱེས་ཕུལ་ཡོད།

དེ་ཉིན་སྔ་དྲོའི་ཆུ་ཚོད ༡༠ པའི་ཐོག་ཤན་འབྱེད་པའི་མེ་མདའི་སྒྲ་གྲགས་པ་དང་བསྟུན་ནས་འགྲན་བསྡུར་དངོས་སུ་འགོ་ཚུགས་པ་དང་།  འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད་ལམ་ཐག་ཕྱེད་ཀའི་མལ་ར་སུན་བང་རྒྱུག་འགྲན་བསྡུར་ནང་སླིང་ཧུའུ་ཁྲེས་ཆུ་ཚོད་གཅིག་དང་སྐར་མ ༢༧ དང་སྐར་ཆ ༣༧ གྱི་གྲུབ་འབྲས་ཐོག་ནས་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་བླངས་པ་དང་།  ལིང་ཧུང་དབྱིང་གིས་ཆུ་ཚོད་གཅིག་དང་སྐར་མ ༤༧ དང་སྐར་ཆ ༢༩ ཡི་གྲུབ་འབྲས་ཐོག་ནས་བུད་མེད་ཚོགས་ཆུང་གི་ཨང་དང་པོ་བླངས་ཡོད།  གཞན་ཡང་སྤྱི་ལེ་བཅུའི་བང་རྒྱུག་འགྲན་བསྡུར་ནང་བཀྲ་ཤིས་ཚེ་རིང་གིས་སྐར་མ ༤༢ དང་སྐར་ཆ ༧ གྱི་ཐོག་ནས་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་བླངས་པ་དང་།  ཁྲེན་ལིན་གྱིས་སྐར་མ ༥༤ དང་སྐར་ཆ ༥༨ གྱི་ཐོག་ནས་བུད་མེད་ཚོགས་ཆུང་གི་ཨང་དང་པོ་བླངས་ཡོད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]