གྱིམ་ཤིང་ཀོང་ཇོ་ཞེས་པའི་གར་སྟེགས་ཟློས་གར་དངོས་སུ་འཁྲབ་སྟོན་བྱེད་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ།      སྤེལ་དུས།   2019-08-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དུས་ཡུན་ལོ་གཅིག་ཙམ་རིང་གསར་རྩོམ་དང་བརྡར་ཤ་ཞིབ་ཚགས་བཅད་རྗེས་ཀྱི་གྱིམ་ཤིང་ཀོང་ཇོ་ཞེས་པའི་གར་སྟེགས་ཟློས་གར་སྤྱི་ཟླ ༨ པའི་ཚེས ༡༦ ཉིན་ལྷ་ས་གྲོང་ཁྱེར་ཚེ་མཆོག་གླིང་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་གྱིམ་ཤིང་ཀོང་ཇོའི་ཟློས་གར་ཁང་དུ་དངོས་སུ་འཁྲབ་སྟོན་བྱེད་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  གྱིམ་ཤིང་ཀོང་ཇོ་ཞེས་པའི་ཟློས་གར་དེ་ཉིན་ལྟར་གྱི་ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀའི་ཐོག་གྱིམ་ཤིང་ཀོང་ཇོའི་ཟློས་གར་ཁང་དུ་འཁྲབ་སྟོན་བྱེད་རྒྱུ་ཡིན་པ་དང་།  པཱ་སེའི་རིན་གོང་ཡང་སྒོར ༢༨༠ དང་ ༣༨༠  ༤༨༠  ༥༨༠བཅས་ཁག་བཞི་ལ་དབྱེ་ཡོད།  སླད་ཕྱིན་ལྷ་སའི་ཡུལ་སྐོར་ཁྲོམ་རའི་གནས་ཚུལ་ལ་གཞིགས་ནས་འཁྲབ་སྟོན་གྱི་དུས་ཚོད་ལ་ཡང་འགྱུར་ལྡོག་གཏོང་རྒྱུ་རེད།
གྱིམ་ཤིང་ཀོང་ཇོ་ཞེས་པའི་ཟློས་གར་དེའི་ནང་ལོ ༡༣༠༠ ལྷག་ཙམ་གོང་གྱིམ་ཤིང་ཀོང་ཇོ་རྒྱ་ནག་ནས་སྤུར་རྒྱལ་བཙན་པོའི་ཁབ་ཏུ་ཕེབས་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་བརྗོད་ཡོད་ཅིང་།  གྱིམ་ཤིང་ཀོང་ཇོ་ཞེས་པའི་ཟློས་གར་དེའི་ནང་ཀོང་ཇོ་བོད་དུ་ཕེབས་རྗེས་ཁོང་གི་འཚོ་བ་དང་ཉམས་མྱོང་།  དེ་བཞིན་ཁོང་གིས་གསོ་རིག་འཕེལ་རྒྱས་དང་ཆུ་བེད་རྒྱས་སྐྲུན།  ཇ་རྟའི་ཁྲོམ་ར་རྒྱ་བསྐྱེད།  མཐའ་མཚམས་མང་ཚོགས་ལ་བདེ་སྐྱིད་སྐྲུན་ཚུལ་སོགས་མངོན་པར་བྱས་ཡོད་ལ།  སྤུར་རྒྱལ་བཙན་པོའི་དུས་སྐབས་ཀྱི་དཔལ་འབྱོར་དང་རིག་གནས།  ཞིང་ལས་ཐོན་སྐྱེད་སོགས་ཀྱི་ཐད་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཚུལ་ཡང་མངོན་པར་བྱས་ཡོད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]