གཙོ་གནད་གསར་འགྱུར་དྲ་རྒྱའི་གསར་འགོད་པ་བོད་ལྗོངས་སུ་སྐྱོད་ཞེས་པའི་བྱེད་སྒོ་ལྷ་སར་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ན་ལོ་ངོ་ ༧༠ འཁོར་བའི་ལོ་ཞིག་ཡིན་པ་དང་།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བའི་ལོ་ཞིག་ཀྱང་ཡིན་པས།  ལོ་ངོ་ འདི་དག་ནང་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་མངོན་ཆེད་དང་།  ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱི་མཛུབ་སྟོན་འོག་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ལ་ཐོབ་སྣང་དང་སྐྱིད་སྣང་།  བདེ་སྣང་བཅས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

རྒྱལ་ཡོངས་ཁུལ་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་གཙོ་དོན་སློབ་གསོ་གཏིང་ཟབ་སྤེལ་བའི་མཚམས་འདིར།  སྤྱི་ཟླ ༨ པའི་ཚེས ༡༩ ཉིན་གྱི་སྔ་དྲོ།  ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དྲ་ཐོག་དཔྱད་བརྗོད་ལས་དོན་ཅུས་ཀྱིས་གཙོ་གཉེར་གནང་བ་དང་།  བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་གཉེར་སྒྲུབ་གནང་བ།  ལྷ་ས་དང་ལྷོ་ཁ།  ཉིང་ཁྲི་བཅས་གྲོང་ཁྱེར་གསུམ་གྱི་དྲ་འཕྲིན་གཞུང་དོན་ཁང་གིས་གཞོགས་འདེགས་གནང་བ།  བོད་ལྗོངས་གསར་འགྱུར་དྲ་བས་ལག་བསྟར་གནང་བའི་དུས་རབས་གསར་པར་མཐའ་མཚམས་སུ་སྐྱོད་ཞེས་པའི་གཙོ་གནད་གསར་འགྱུར་དྲ་རྒྱའི་གསར་འགོད་པས་བོད་ལྗོངས་སྐོར་བའི་བྱེད་སྒོ་ལྷ་སར་འགོ་ཚུགས་པ་རེད།

ད་ཐེངས་ཀྱི་བྱེད་སྒོའི་ཐོག་ཀྲུང་དབྱང་གི་གཙོ་གནད་གསར་འགྱུར་དྲ་རྒྱ་དང་ལྗོངས་ནང་ཁུལ་གྱི་གཙོ་གནད་གསར་འགྱུར་དྲ་རྒྱའི་གསར་འགོད་པ་དང་རྩོམ་སྒྲིག་པ།  དེ་བཞིན་རིགས་གཅིག་མཁས་དབང་ ༥༠ ལྷག་ཙམ་གདན་ཞུ་བྱས་ནས།  ཉིན་བདུན་རིང་ལྷ་ས་དང་ཉིང་ཁྲི།  ལྷོ་ཁ་བཅས་སུ་ཟབ་སྐྱོད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་འཕེལ་རྒྱས་ཀྱི་རྣམ་པ་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་པར་བྱ་རྒྱུ་རེད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]