དུས་བཞི་བཀྲ་ཤིས་གྲོང་ཚོར་གཅིག་སེམས་གཅིག་སྦྲེལ་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཕྱོགས་བསྡུས།      སྤེལ་དུས།   2019-08-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གཅིག་སེམས་གཅིག་སྦྲེལ་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་དུས་བཞི་བཀྲ་ཤིས་གྲོང་ཚོར་བྱས།

དུས་རབས་གསར་པར་བརྩེ་བའི་གླུ་དབྱངས་ལེན། བཀྲ་ཤིས་སྨོན་འདུན་མེས་རྒྱལ་ཕྱོགས་ལ་ཕུལ།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བ་དང་། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བར་རྟེན་འབྲེལ་ཞུ་ཆེད།  སྤྱི་ཟླ་བརྒྱད་པའི་ཚེས ༢༠ ཉིན།  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གཅིག་སེམས་གཅིག་སྦྲེལ་སྒྱུ་རྩལ་ཚོགས་པས་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་བ་ཟབ་མོ་བསྣམས་ཏེ་བོད་ལྗོངས་ལྷ་སར་ཕེབས་པ་དང་།  བརྩེ་བས་ཕྱུག་པའི་གླུ་དབྱངས་དང་ཉམས་འགྱུར་ཆེ་བའི་ཞབས་བྲོའི་ཐོག་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ངོ་མཚར་ཆེ་ཞིང་དགའ་སྤྲོ་འཁོལ་བའི་རིག་རྩལ་ལེ་ཚན་ཞིག་འཁྲབ་སྟོན་བྱས་ཡོད།

ཀྲུང་གོའི་མཛེས་སྡུག་ཞེས་པ་འཁྲབ་སྟོན་བྱེད་བཞིན་ཡོད།

འཁྲབ་སྟོན་དེ་ལྷ་ས་གྲོང་ཁྱེར་དུས་བཞི་བཀྲ་ཤིས་གྲོང་ཚོ༼ འཁྲབ་ར་གཙོ་བོ ༽དང་ལྷ་ས་གྲོང་ཁྱེར་ལྷོ་རིའི་སྤྱི་གླིང་༼ ཡན་ལག་འཁྲབ་ར ༽དུ་དུས་གཅིག་ཏུ་སྤེལ་བ་དང་།  འཁྲབ་སྟོན་དེ་བཀྲ་ཤིས་སྙན་དབྱངས་ཞེས་པའི་ལེ་ཚན་དང་བསྟུན་ནས་འགོ་ཚུགས་པ་དང་།  དེ་རྗེས་རིམ་བཞིན་གླུ་ཞིག་ལེན་ནས་ཏང་ལ་འབུལ་ཞེས་པ་དང་།  ཀྲུང་གོའི་མཛེས་སྡུག་ཞེས་པ།  གུང་ཁྲན་ཏང་སླེབས་ནས་སྡུག་བསྔལ་བདེ་ལ་གྱུར་ཞེས་པ།  འབྱོར་འབྲིང་ལམ་བུའི་ཐོག་སྐྱོད་ཞེས་པ་སོགས་གླུ་གར་གྱི་ལེ་ཚན་བཅུ་གྲངས་རིམ་བཞིན་སྤྱན་འབུལ་ཞུས་ཡོད།  ལེ་ཚན་དེ་དག་ལས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བ་དང་། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་ཚུན།  ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ཀྱི་མི་དམངས་ཚོས་མཐུན་སྒྲིལ་འབད་འཐབ་བྱས་ཏེ།  དབུལ་ཕོངས་རྗེས་ལུས་ཀྱི་བོད་རྙིང་པ་དེ་དཔལ་འབྱོར་དྲ་རྒྱས་གོང་འཕེལ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་གོང་འཕེལ།  སྐྱེ་ཁམས་ཁོར་ཡུག་ཕུལ་དུ་བྱུང་བ།  མི་དམངས་འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཀྱི་བོད་ལྗོངས་གསར་པ་ཞིག་ཏུ་འཛུགས་སྐྲུན་བྱས་ཡོད།

ལྷོ་རིའི་སྤྱི་གླིང་དུ་གཅིག་སེམས་གཅིག་སྦྲེལ་སྒྱུ་རྩལ་འཁྲབ་སྟོན་བྱས་པ་དང་

ལུས་ལ་གཟབ་འཕྱོར་སྤྲས་པའི་མང་ཚོགས་ཀྱིས་དགའ་བའི་ཞབས་བྲོ་རྒྱག་བཞིན་མཆིས།

ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ཟླ་བརྒྱད་པའི་ཚེས ༢༤ ཉིན།  གཅིག་སེམས་གཅིག་སྦྲེལ་སྒྱུ་རྩལ་ཚོགས་པས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྩྭ་རིང་གྲོང་བརྡལ་མཚོ་ནག་ཁུལ་དུ་ཡང་སྐྱར་འཁྲབ་སྟོན་བྱེད་རྒྱུ་རེད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]