ལྷུན་རྩེའི་གཡུ་ལོ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཝང་ལིའི།      སྤེལ་དུས།   2019-08-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྷུན་རྩེའི་གཡུ་ལོ་རིག་གནས་ཡུལ་སྐོར་དུས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱིས་བོད་ལྗོངས་པར་རྒྱག་མཁས་ཅན་མཐུན་ཚོགས་དང་བོད་ལྗོངས་ཇོ་ལོ་སྨྱན་སྦྱོར་ཀུང་སིས་ཉེ་དུས་མཉམ་འབྲེལ་ཐོག་གཉེར་བའི།  བོད་ལྗོངས་ལྷུན་རྩེ་རྫོང་གི་གཡུ་ལོ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་འོས་སྦྱོར་ཚོགས་འདུ་དང་གསར་བརྗེའི་བརྗོད་དོན་གཙོ་བོའི་པར་ལེན་འགྲེམས་སྟོནལྷ་སར་བྱས་པ་རེད།

འོས་སྦྱོར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ལྷུན་རྩེའི་གཡུ་ལོ་རིག་གནས་ཡུལ་སྐོར་གྱི་གྲགས་རྟགས་རྒྱ་ཁྱབ་དེ་བས་ཆེ་རུ་གཏོང་རྒྱུ་དང་རིག་གནས་ཡུལ་སྐོར་ལ་བརྟེན་ནས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཆེད།  ལྷུན་རྩེ་རྫོང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ ༧༠ འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ ༦༠ འཁོར་བར་དྲན་གསོ་ཞུ་བའི་གོ་སྐབས་དང་བསྟུན་ནས།  གསར་བརྗེའི་ལྷུན་རྩེ་རྫོང་། རྫོགས་ལྡན་དུས་ཀྱི་མཐའ་མཚམས་ཞེས་བརྗོད་དོན་གཙོ་བོར་བྱས་པའི་ལྷུན་རྩེ་རྫོང་གི་གཡུ་ལོ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་དེ་སྤྱི་ཟླ་དགུ་པའི་ཚེས ༡ ཉིན་ལྷུན་རྩེ་རྫོང་གྲོང་དུ་གཟབ་རྒྱས་ངང་གཉེར་རྒྱུ་རེད།  བོད་ལྗོངས་ལྷུན་རྩེ་རྫོང་གི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་དེའི་ཐོག་མངོན་མིན་ཤུལ་བཞག་རིག་གནས་ཀྱི་གྲུབ་འབྲས་འགྲེམས་སྟོན་དང་།  སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཀྱི་འགྲན་རྩོད།  མི་རིགས་ལག་ཤེས་བཟོ་རྩལ་འགྲན་བསྡུར།  ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་སོགས་ཁྱད་ཆོས་ལྡན་པའི་བྱེད་སྒོ་ཡང་གཅིག་མཇུག་གཉིས་མཐུད་ངང་སྤེལ་རྒྱུ་རེད།

གསར་བརྗེའི་བརྗོད་དོན་གཙོ་བོའི་པར་རིས་འགྲེམས་སྟོན་ཐོག་བོད་ཀྱི་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱིས་དཔྱད་འདེམས་བྱས་རྗེས་བྱ་དགའ་ཐོབ་པའི་བརྩམས་ཆོས ༧ དང་དཔྱད་འདེམས་ནང་ཚུད་པའི་བརྩམས་ཆོས ༧༠ འགྲེམས་སྟོན་བྱས་ཡོད།  ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོའི་ཐོག་དམིགས་བསལ་བྱ་དགའ་ཐོབ་པའི་པར་ལེན་བརྩམས་ཆོས་མངགས་བཅོལ་ཞེས་པ་དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་འཕྲིན་ལན་གྱི་དགོངས་པ་དང་།  དེ་བཞིན་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་དགོས་རྒྱུའི་མངགས་བཅོལ་ཟབ་མོ་མངོན་པར་བྱས་ཡོད་པས།  མི་ཚོར་སེམས་འགུལ་ཆེན་པོ་ཐེབས་ཀྱི་ཡོད་ལ་བྱེད་སྒོ་ཧྲིལ་པོའི་ཐོག་ནས་གསར་བརྗེའི་ལྷུན་རྩེའི་གཟི་བརྗིད་སྲོལ་རྒྱུན་དང་རྫོགས་ལྡན་དུས་ཀྱི་མཐའ་མཚམས་ཀྱི་རྣམ་པ་གསར་པ་ཡང་མངོན་པར་བྱས་ཡོད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]