ད་ལོའི་ཀྲུང་གོ་མིག་མངས་ཀ་པ་རིམ་པའི་འགྲན་བསྡུར་གྱི་རེས་འཁོར༡༤པའི་འགྲན་རྩོད་ཤིག་ནང་ལྷ་ས་ས་གཙང་རུ་ཁག་ལ་ཕམ་ཉེས་འཁེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཝང་ལིའི།      སྤེལ་དུས།   2019-08-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

 མདེའུ་དཀར་ནག་གཏོང་སྟངས་འགྲན་པའི་འགྲན་རའི་ཉམས།

སྤྱི་ཟླ ༨ ཚེས ༢༤ ཉིན་ལྷ་སར་བརྒྱབ་པའི།  ༢༠༡༩ ལོའི་ཧྭ་ཝུའེ་ལག་ཐོགས་ཁ་པར་བུམ་པའི་ཀྲུང་གོ་མིག་མངས་ཀ་པ་རིམ་པའི་འགྲན་བསྡུར་གྱི་རེས་འཁོར ༡༤ པའི་འགྲན་རྩོད་ཤིག་ནང་།  ད་ལོ་ཀ་པ་རིམ་པར་ཚུད་མ་ཐག་པའི་ལྷ་ས་ས་གཙང་རུ་ཁག་གིས་བསྡུར་གྲངས ༠ དང་ ༤ ཡིས་ཐོག་ནས་དམངས་འཚོ་ཡིད་རྟོན་བྱང་བུའི་པེ་ཅིང་རུ་ཁག་གི་ཁ་གཏད་ཆོག་མེད་པར་བསྟུད་མར་རེས་སྐོར་གཉིས་ཀྱི་འགྲན་བསྡུར་ནང་ཕམ་ཁ་འཁེལ་ཡོད།

མདེའུ་དཀར་མདེའུ་ནག་མཉམ་དུ་འཛིངས།  ཐབས་དང་བློ་ཇུས་བཟང་ལོས་མངོན།

༢༠༡༩ ལོའི་མིག་མངས་འགྲན་བསྡུར་གྱི་འགྲན་རྩོད་བྱེད་སྟངས་ཀྱང་དེ་སྔོན་གྱི་ལོ་ཧྲིལ་པོའི་སྐོར་རེས་འགྲན་བསྡུར་ཐེངས་གཉིས་བྱེད་པ་ནས་རྒྱུན་གཏན་གྱི་སྐོར་རེས་འགྲན་བསྡུར་ཐེངས་གཅིག་གི་ཐོག་དུས་མཚམས་རྗེས་མའི་འགྲན་བསྡུར་ཁ་སྣོན་བྱེད་པའི་རྣམ་པར་འགྱུར་བ་ཕྱིན་པ་དང་།  རྒྱུན་གཏན་གྱི་སྐོར་རེས་འགྲན་བསྡུར་ནང་རུ་ཁག་གཅིག་གིས་ཁྱོན་རེས་འཁོར ༡༥ ཡི་འགྲན་རྩོད་བྱེད་དགོས་ཀྱི་ཡོད།  འགྲན་རིམ་གྱི་བཀོད་སྒྲིག་ལ་གཞིགས་ན།  ད་ཐེངས་ཀྱི་འགྲན་བསྡུར་དེ་ནི་ལྷ་ས་ས་གཙང་རུ་ཁག་གིས་རང་སོ་སོའི་འགྲན་རར་རྒྱུན་གཏན་གྱི་སྐོར་རེས་འགྲན་བསྡུར་དུས་མཚམས་ནང་རྒྱག་རྒྱུའི་འགྲན་རྩོད་མཇུག་ཤོས་དེ་རེད།  འགྲན་བསྡུར་མ་བྱས་གོང་ལྷ་ས་ས་གཙང་རུ་ཁག་གིས་སྤྱིའི་སྐར་གྲངས ༡༦ གསོག་ཐུབ་ཡོད་པའི་ཐོག་ནས་བང་རིམ་ནང་ཨང་བཅུ་གཉིས་པའི་གནས་བབ་བཟུང་ཡོད་ལ།  དམངས་འཚོ་ཡིད་རྟོན་བྱང་བུའི་པེ་ཅིང་རུ་ཁག་གིས་སྐར་གྲངས ༢༢ གསོག་ཐུབ་ནས་སྤྱིའི་བང་རིམ་ནང་ཨང་ལྔ་པའི་གནས་བབ་བཟུང་ཡོད།  རེས་འཁོར་འདིའི་འགྲན་བསྡུར་ཕམ་པ་དང་བསྟུན་ཏེ་ལྷ་ས་ས་གཙང་རུ་ཁག་གི་བང་རིམ་ཡང་ཨང་ ༡༤ པར་བབ་ཡོད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]