ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་གཅིག་སེམས་གཅིག་སྦྲེལ་སྒྱུ་རྩལ་ཚོགས་པས་ནག་ཆུར་འཚམ་འདྲིའི་འཁྲབ་སྟོན་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   འཇམ་དབྱངས་བསོད་སྒྲོལ།      སྤེལ་དུས།   2019-08-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༨ ཚེས ༢༤ ཉིན།  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གཅིག་སེམས་གཅིག་སྦྲེལ་སྒྱུ་རྩལ་ཚོགས་པས་ནག་ཆུར་འཚམ་འདྲིའི་འཁྲབ་སྟོན་བྱེད་སྒོ་སྤེལ་བ་རེད།  ལྗོངས་ཕྱི་ནང་གི་སྒྱུ་རྩལ་མཁས་ཅན་ཚོས་རྣམ་པ་སྣ་ཚོགས་བརྒྱུད་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུས་པ་མ་ཟད།  བོད་ལ་དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་ཚུན་ཐོབ་པའི་རླབས་ཆེན་འཕོ་འགྱུར་ལ་སྟོད་གླུ་ལེན་པ་དང་བསྟུན།  དུས་རབས་གསར་པའི་བོད་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བསྔགས་བརྗོད་ཀྱང་བྱས་ཡོད།

    

མཐོ་ཚད་རྒྱ་མཚོའི་ངོས་ལས་སྨིས ༤༨༠༠ ཡོད་པའི་མཚོ་ནག་མཚེའུའི་ཁུལ་དུ་གླུ་ཞིག་ལེན་ནས་ཏང་ལ་འཕུལ་ཞེས་པ་དང་མཁའ་ལམ་ཞེས་པ།  སྒྲོལ་མ་ཞེས་པ་སོགས་དར་ཁྱབ་ཆེ་བའི་སྙན་དབྱངས་ཀྱི་འགྱུར་ཁུག་དགུང་སྔོན་དབྱིངས་སུ་གྲགས་ནས་ཡོད།  ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་འབྲོག་པ་ཚོས་གཟབ་མཆོར་ལེགས་པར་སྤྲས་ཐོག་དགའ་དགའ་སྤྲོ་སྤྲོའི་ངང་གླུ་ལེན་གར་འཁྲབ་བྱས་ཏེ།  ཐུན་མོང་ཐོག་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་ཆོད་སེམས་མཚོན་པར་བྱས་ཡོད་ལ་དེ་བས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་ཡང་བྱས་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]