༢༠༡༩ལོའི་མིག་གཅེས་མིག་སྲུང་བྱ་སྤྱོད་སློབ་གྲྭ་འབྲིང་ཆུང་ཁག་ཏུ་སྤེལ་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཝང་ལི།      སྤེལ་དུས།   2019-08-27

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༨ ཚེས ༢༥ ཉིན།  ཀྲུང་གོ་ལོ་ཆུང་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་བྱིས་པའི་བདེ་ཐང་སློབ་གསོ་དང་སྨན་བཅོས་དབུལ་སྐྱོར་བཅས་ཆེད་དོན་ཚན་པས།  ལྷ་སར་མིག་སྲུང་བྱ་སྤྱོད་ཞེས་བརྗོད་དོན་གཙོ་བོར་བྱས་པའི་སྤྱི་ལོ ༢༠༡༩ ལོའི་མིག་ཤེད་ཞན་པའི་བདམས་གསེས་སྦྱོང་བརྡར་བྱེད་སྒོ་སྤེལ་བ་རེད།  མིག་གཅེས་མིག་སྲུང་གི་སྤྱི་ཕན་བྱེད་སྒོ་དེ་སྤྱི་ལོ ༢༠༡༥ ལོར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་ཐོག་མར་སྤེལ་འགོ་ཚུགས་པ་དང་།  དེའི་དམིགས་ཡུལ་གཙོ་བོ་ནི་བྱིས་པའི་མིག་ལྟ་སྟངས་གི་གོམས་གཤིས་ལ་གཞིགས་ནས་སྨན་བཅོས་སྒྲིག་ཆས་དང་རོགས་སྐྱོབ་ཟུང་འབྲེལ་བྱས་ཏེ།  དེ་བས་མང་བའི་བྱིས་པའི་མིག་སྤྱོད་མིག་སྲུང་གི་གོམས་གཤིས་བཟང་པོ་ཞིག་ཆགས་པ་བྱེད་རྒྱུ་དང་འབྲེལ་འབྱུང་རྩ་ནས་བྱིས་པའི་མིག་གི་གནད་དོན་ཐག་གཅོད་ཐུབ་པ་བྱ་རྒྱུ་དེ་རེད།

འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།  ད་ཐེངས་ཀྱི་མིག་གཅེས་མིག་སྲུང་གི་རྨང་གཞིའི་ཤེས་བྱའི་སྦྱོང་བརྡར་བྱེད་སྒོའི་ནང་ཞུགས་མཁན་དང་བླངས་པ ༥༠༠ ལྷག་ཙམ་ལ་གློག་སྒམ་དང་མིག་གི་རྒྱལ་མོ།  ཆེད་ལས་སྨན་བཅོས་སྒྲིག་ཆས་སོགས་ཀྱི་ནང་དོན་གསོ་སྦྱོང་བྱས་རྗེས།  མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་ཚོའི་སྣེ་འཁྲིད་འོག་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་སྟོད་ལུང་བདེ་ཆེན་ཆུས།  སྣེའུ་ཁུལ་གསར་བཅས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་ཏུ་ཁྱོན་བྱིས་པ་ཁྲི ༥ ལྷག་ཙམ་ལ་མིག་ཤེད་ཀྱི་བརྟག་དཔྱད་བྱེད་རྒྱུ་མ་ཟད་ཡིག་ཚགས་ཀྱང་བཟོས་རྒྱུ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]