ལོ་ངོ་༦༠ཡི་ཚུན་རང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཝང་ལིའི།      སྤེལ་དུས།   2019-08-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་སྤྱི་ཟླ་བརྒྱད་པའི་ཚེས ༢༦ ཉིན།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་དྲུག་ཅུ་འཁོར་ཚུན་བོད་ཀྱི་རིག་དངོས་ལས་དོན་ཐད་ཀྱི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ་དང་།  དེང་སྐབས་རང་ལྗོངས་ཀྱིས་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་བྱས་པའི་གཞུང་ཁོངས་རིག་དངོས་ཉར་ཚགས་ཚན་པ ༡༣༠༥ ཡིས་རིག་དངོས ༢༦༠༧༨༩ ཉར་ཚགས་བྱས་ཡོད་པས་རིག་དངོས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

ལྗོངས་རིག་དངོས་ཅུད་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཅུད་ཀྲང་ལེའུ་ཧྲེ་ཀྲུང་གིས་ངོ་སྤྲོད་བྱས་པར་གཞིགས་ན།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ ཡི་ཚུན་དུ།  རིག་དངོས་ཚན་པ་རྒྱུན་མཐུད་གྲ་རྒྱས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་དང་།  སྤྱི་ལོ ༡༩༥༩ ལོར་རིག་དངོས་དོ་དམ་ཚོགས་ཆུང་ཚན་པ་གཅིག་ནས་དེང་སྐབས་རིག་དངོས་སྲུང་སྐྱོབ་དོ་དམ་ཚན་པ ༧༠ བར་འཕེལ་རྒྱས་བྱུང་ཡོད།   དེའི་ཁྲོད་རིམ་ཁག་རིག་དངོས་དོ་དམ་ཚན་པ ༥༦ དང་རྟེན་རྫས་བཤམས་སྟོན༼ རིག་དངོས་འགྲེམས་སྟོན ༽ཁང་བཅུ་གཅིག  རིག་དངོས་ཚན་རྩལ་ཞིབ་འཇུག་ཚན་པ་གཅིག  རིག་དངོས་བསྡུ་སྒྲུབ་སྤྱི་ཁྱབ་ཁང་གཅིག  རིག་དངོས་ཞིབ་དཔྱད་ཚན་པ་གཅིག་བཅས་ཡོད།

ལོ་ངོ་དེ་དག་རིང་རང་ལྗོངས་ཀྱིས་རིག་དངོས་གནའ་རྫས་རྟོག་ཞིབ་དང་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པས།  ཞིབ་བཤེར་ཐོ་འགོད་བྱས་པའི་རིག་དངོས་ས་ཚིགས ༢༣༠༠ ལྷག་ཙམ་ཟིན་ཡོད།  དེ་དག་གིས་གཞི་རྩའི་ཆ་ནས་བོད་ལྗོངས་ཁོངས་ཀྱི་རིགས་ཁག་གི་རིག་དངོས་དང་གནའ་ཤུལ་གྱི་ཁྱབ་ཁོངས་རྒྱུད་ལོན་ཐུབ་སྟེ།  མཚོ་བོད་ལྕགས་ལམ་བོད་ལྗོངས་ཁུལ་གྱི་ལྕགས་ལམ་རྒྱུད་དུ་རིག་དངོས་རྟོག་ཞིབ་ལས་དོན་སྤེལ་བར་ཁྱོན་རིག་དངོས་ས་ཚིགས ༣༦ རྩད་འཚོལ་ཐུབ་པ་དང་ས་འོག་ནས་ཐོན་པའི་གནའ་རྫས ༣༨༠༠ ལྷག་ཙམ་ཟིན་ཡོད།  གནའ་རྫས་རྟོག་ཞིབ་རྩད་འཚོལ་བྱས་པ་བརྒྱུད་གངས་ལྗོངས་ས་མཐོ་ནས་ད་བར་ལོ་ངོ་ ༤༠༠༠ ལྷག་ཙམ་ཟིན་པ་མིའི་རིགས་ཀྱི་འགུལ་སྐྱོད་རྗེས་ཤུལ་ཐོག་མར་འཚོལ་ཞིབ་ཐུབ་པ་དང་།  རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་བྱས་པའི་ཁྲོད་ཐོ་འགོད་བྱས་པའི་བོད་ལྗོངས་ཁུལ་གྱི་གནས་སྤོ་མི་ཐུབ་པའི་རིག་དངོས་ས་ཚིགས ༤༢༧༧ ཡོད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]