ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོ་དང་ངོ་མཚར་རིག་རྩལ་འཁྲབ་སྟོན་ལྷ་སར་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-31

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བརྒྱད་པའི་ཚེས ༣༠ ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་པའི་ཐོག་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ལན་ཆིའུ་སྤོ་ལོའི་ཁང་ནང་།  སྤྱི་ལོ ༢༠༡༩ ལོའི་ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོ་དང་ངོ་མཚར་རིག་རྩལ་འཁྲབ་སྟོན་བྱས་པ་རེད། རིག་རྩལ་འཁྲབ་སྟོན་དེ་ཞོ་སྟོན་གྱི་བསྟོད་གླུ་ཞེས་པ་དང་ཚོན་མདོག་སྣ་ལྔའི་ལེའུ་ཞེས་པ།  སྐལ་བཟང་སྙན་དབྱངས་ཞེས་པ།  ཀྲུང་གོའི་མཉམ་འཛོམས་དགའ་སྟོན་ཞེས་པ་བཅས་ལེ་ཚན་ཁག་བཞི་ལས་གྲུབ་པ་དང་།  དེ་དག་ནང་ཞབས་བྲོ་དང་རྐྱང་གཞས།  ཕོ་མོའི་མཉམ་གཞས།  གླུ་གཞས་ཞབས་བྲོ་སོགས་འཁྲབ་སྟོན་གྱི་རྣམ་པ་ཡང་ཕུན་སུམ་ཚོགས་པོ་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན།  ད་རེས་ཀྱི་རིག་རྩལ་འཁྲབ་སྟོན་དེ་སྤྲོ་བས་ཁེངས་པའི་ཀྲུང་གོའི་ཞོ་སྟོན། མཛེས་སྡུག་བདེ་སྐྱིད་ལྡན་པའི་ལྷ་ས་ཞེས་བརྗོད་དོན་གཙོ་བོ་དང་དམ་པོར་བསྟུན་ནས།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ ༧༠ འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ ༦༠ འཁོར་བར་དྲན་གསོ་ཞུ་བའི་གཙོ་ཐིག་ལ་དམ་པོར་དམིགས་ཐོག་ཏང་ལ་བསྟོད་གླུ་འབུལ་བ་དང་མེས་རྒྱལ་ལ་བསྟོད་གླུ་འབུལ་བ།  མི་དམངས་ལ་བསྟོད་གླུ་འབུལ་བ།  བདེ་སྐྱིད་ལྡན་པའི་ལྷ་ས་གསར་པར་བསྟོད་གླུ་འབུལ་བ་བཅས་བྱས་ཏེ།  ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་གསར་པ་དང་འགྱུར་ལྡོག་གསར་པ།  རྣམ་པ་གསར་པ་བཅས་མངོན་ཐུབ་པ་བྱས་ཡོད། 

ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ ༢༠༡༩ ལོའི་ལྷ་སའི་ཞོ་སྟོན་གྱི་ཉིན་དང་པོར་འགོ་ཚུགས་མཛད་སྒོ་དང་རིག་རྩལ་འཁྲབ་སྟོན་ཕུད།  ད་དུང་གོས་སྐུ་འགྲེམས་པ་དང་ལྷ་མོའི་ཕུལ་བྱུང་འཁྲབ་ཚན་འཁྲབ་སྟོན།  གྱོན་ཆས་འགྲེམས་སྟོན།  ཞོ་སྟོན་གྱི་གྲགས་ཅན་སྤུས་ལེགས་ཚོང་ཟོག་ཉོ་ཚོང་འདུ་འཛོམས་སོགས་བྱེད་སྒོ་ཡང་མང་པོ་སྤེལ་ཡོད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]