རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་མ་ཚུགས་གོང་བོད་ལྗོངས་འཐུས་མི་ཚོགས་པས་སྐུལ་སློང་ཚོགས་ཆེན་འཚོགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བློ་བཟང་ཆོས་སྐྱིད།      སྤེལ་དུས།   2019-09-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་སྤྱི་ཟླ་དགུ་པའི་ཚེས ༨ ཉིན་ནས་ཚེས ༡༦ ཉིན་བར་ཧོ་ནན་ཞིང་ཆེན་ཀྲེན་ཀྲའོ་གྲོང་ཁྱེར་དུ་སྤེལ་རྒྱུ་ཡིན་པ་དང་།  བོད་ལྗོངས་འཐུས་མི་ཚོགས་པས་སྤྱི་ཚེས ༧ ཉིན་གྱི་སྔ་དྲོ་འགྲན་བསྡུར་མ་བྱས་གོང་གི་སྐུལ་སློང་ཚོགས་ཆེན་འཚོགས་པ་རེད།

ལོ་བཞིར་ཐེངས་རེ་གཉེར་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ནི་རྒྱལ་ཡོངས་མི་རིགས་ཁག་མཉམ་སྤྲོ་དང་མཐུན་སྒྲིལ་ཆེ་མོ་མངོན་པར་བྱེད་པའི་གལ་ཆེའི་གར་སྟེགས་ཞིག་ཡིན་ལ།  རྒྱལ་ཡོངས་མི་དམངས་རྣམས་ལ་བོད་ཀྱི་མི་རིགས་སྲོལ་རྒྱུན་ལུས་རྩལ་རིག་གནས་ཀྱི་གོང་འཕེལ་གྲུབ་འབྲས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས།  མི་རིགས་ཁག་གི་མི་དམངས་ཚོའི་གསར་གཏོད་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་པར་བྱེད་པའི་གལ་ཆེའི་གར་སྟེགས་ཞིག་ཀྱང་ཡིན།།

ཚོགས་འདུའི་ཐོག་ལུས་རྩལ་འགྲན་ཚོགས་ཀྱི་ལས་དོན་ཁག་གྲ་སྒྲིག་ལེགས་པོ་བྱས་ནས།  ནུས་ཤུགས་ཡོད་རྒུ་དང་སྒྲིག་ཁྲིམས་བརྩི་སྲུང་།  ཡ་རབས་འགྲན་ཞུགས།  དོ་དམ་ནན་པོ།  མཐུན་སྦྱོར་གཞོགས་འདེགས།  དྲིལ་བསྒྲགས་ལ་ཤུགས་སྣོན་བཅས་བྱས་ཏེ།  བོད་ཀྱི་འཐུས་མི་ཚོགས་པའི་འབད་འབུངས་ཡར་བརྩོན་གྱི་སྤྱོད་ཚུལ་བཟང་པོ་གངས་ལེགས་མངོན་པར་བྱེད་དགོས་ལ།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་ཚུན་བོད་ལྗོངས་འདི་ཉིད་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ཁྲོད་རླབས་ཆེན་མཆོང་སྐྱོད་དང་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་ཚུན་གྱི་འོད་སྟོང་འབར་བའི་གྲུབ་འབྲས་མངོན་པར་བྱས་ནས།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མངགས་བཅོལ་ཟབ་མོ་དང་།  དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་རེ་བ་ཆུ་ཟོད་དུ་མི་འགྲོ་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]