གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དུ་ལུག་ཁྱུའི་མགོ་གྲངས་བརྩི་བའི་སྲོལ་རྒྱུན་གྱི་བྱེད་སྒོ་སྤེལ།

ཡོང་ཁུངས།   ཤིན་ཧྭ་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལུག་ཁྱུའི་མགོ་གྲངས་རྩིས་རྒྱུ་ནི་རང་ལྗོངས་འབྲོག་ཁུལ་གྱི་སྲོལ་རྒྱུན་བྱེད་སྒོ་ཞིག་ཡིན་པ་དང་།  འབྲོག་པས་བྱེད་སྒོ་དེའི་ཐོག་ནས་རང་ཁྱིམ་ལ་དབང་བའི་ལུག་གི་གྲངས་འབོར་མངོན་པར་བྱེད་ཀྱི་ཡོད།  མཛད་སྒོའི་ཐོག་ཨ་ཕོ་ལུག་རྫིས་ལུག་ཁྱུའི་འགོ་འཁྲིད་མཁན་ལུག་གཅིག་ཚུར་ལ་བཟུང་ནས་དེ་ལ་བསྔགས་པའི་བཤད་པ་བཏང་སྟེ།  ཕྱི་ལོར་རྩྭ་ཆུ་བཟང་བ་དང་ནོར་ལུག་ཤ་ཤེད་རྒྱས་པའི་སྨོན་ལམ་འདེབས་ཀྱི་ཡོད།  སྤྱི་ཟླ ༩ ཚེས ༩ ཉིན།  གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དུ་ལུག་ཁྱུ་མགོ་གྲངས་བརྩི་བའི་སྲོལ་རྒྱུན་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་ཆབས་ཅིག་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་ཡང་བྱས་པ་རེད།།

ལུག་ཁྱུ་ཤེད་དང་ལྡན་པས་རྡོག་སྒྲ་འུར། གཡང་དཔོན་ཐབས་ཇུས་བཟང་བས་རུ་སྣ་དྲངས།

མགོ་ལུགས་འདི་ལ་བཤད་པ་གཏོང་ཤོག་ཟེར་ན་གཏོང་རྒྱུ་ཡོད། བསྟོད་པ་ཕུལ་ཤོག་ཟེར་ན་ཕུལ་རྒྱུ་ཡོད།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]