རང་ལྗོངས་ཀྱིས་སྤུས་ལེགས་དཔེ་བསྐྲུན་དངོས་རིགས་ཕུད་འགྲེམས་དང་ལེགས་འབུལ་ཞུ་བའི་མཛད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཝང་ལི།      སྤེལ་དུས།   2019-09-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བར་རྟེན་འབྲེལ་ཞུ་བ་དང་སྦྲགས།   གླེང་ཕྱོགས་དང་སྤྱི་ཚོགས།  རིག་གནས་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད།  བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་སྤྱི་ཟླ ༩ པའི་ཚེས ༡༡ ཉིན་གྱི་སྔ་དྲོ།  ཀྲུང་གོ་གསར་པར་བསྟོད་གླུ་བླངས་ནས་དུས་རབས་གསར་པའི་ཕྱོགས་སུ་འབད་བརྩོན་བྱེད་ཅེས་བརྗོད་དོན་གཙོ་བོར་བྱས་པའི་དཔེ་དེབ་གསར་པ་ཕུད་འགྲེམས་དང་ལེགས་འབུལ་ཞུ་བའི་མཛད་སྒོ་རང་སྐྱོང་ལྗོངས་ཤིན་ཧྭ་དཔེ་ཚོང་ཁང་དུ་སྤེལ་བ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  ལྗོངས་ཡོངས་ཀྱི་དཔེ་ཚོང་ཁང་ཁག་གིས་དེ་ཉིན་ཐེངས་དང་པོ་འགྲེམས་སྤེལ་བྱས་པའི་དཔེ་དེབ་དང་སྒྲ་ཕབ་སོགས་ལེགས་འབུལ་དཔེ་བསྐྲུན་དངོས་རིགས ༢༢ ཡོད་པའི་ནང་།  བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པར་དྲན་གསོ་ཞུ་བའི་པར་དེབ་ཞེས་པ་དང་།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བའི་བརྙན་ཕབ་བོད་ལྗོངས་ལེའུ་ཞེས་པ།  དཱན་ཀོན་སཱན་གྱི་པར་མཛོད་ཞེས་པ་སོགས་ཚུད་ཡོད།

ད་ཐེངས་འགྲེམས་སྤེལ་བྱས་པའི་དཔེ་བསྐྲུན་དངོས་རིགས་ཀྱི་ཁ་ཕྱོགས་གསལ་ཞིང་གཙོ་དོན་འབུར་དུ་ཐོན་པ།  དཔེ་བསྐྲུན་གྱི་རྣམ་པ་མང་བ།  འཐུམ་སྒྲིལ་དང་རྒྱབ་ཤ་སོགས་སྤུས་དག་ཡོད་ལ།   ཞིབ་ཅིང་ཚགས་པའི་གྲངས་གཞི་དང་པར་རིས།  ཕུན་སུམ་ཚོགས་པའི་དཔྱད་གཞི་སོགས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་ཐོབ་པའི་འོད་སྟོང་འབར་བའི་བརྒྱུད་རིམ་དང་།  རླབས་ཆེའི་མཛད་རྗེས།  རྩ་ཆེའི་ཉམས་མྱོང་བཅས་གང་ལེགས་མངོན་ཡོད་ལ།  ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་དཔའ་ངར་ཆེ་སྐྱེད་ངང་མདུན་སྐྱོད་བྱེད་པའི་བསམ་པའི་ཉམས་འགྱུར་ཡང་མངོན་ཡོད་པས།  དེ་དག་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་སྐབས་ལྟ་ཀློག་གི་རིན་ཐང་ཆེན་པོ་ལྡན་པའི་དཔེ་བསྐྲུན་དངོས་རིགས་ཤ་དག་ཡིན།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]