ད་བར་གྲངས་ཉུང་མི་རིཌ་ཀྱི་ལུས་རྩལ་འགྲན་ཚོཌ་སྐབས༡༡པའི་ཐོག་བོད་ལྗོངས་འཐུས་མི་ཚོཌ་པར་ཁྱོན་བྱ་དགའ་ཁག༡༨ཐོབ་ཡོད།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བློ་བཟང་ཆོས་སྐྱིད།      སྤེལ་དུས།   2019-09-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༡ ཉིན་གྱི་ཕྱི་དྲོ།  གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་ཐོག་རང་ལྗོངས་ཀྱི་ལུས་རྩལ་པ་རིན་ཆེན་དབང་རྒྱལ་གྱིས་སྐྱེས་པའི་སྤྱི་རྒྱ ༦༢ རིམ་པའི་འབེར་གའི་འགྲན་བསྡུར་ནང་ཁ་གཏད་ཕམ་ཉེས་བཏང་སྟེ་བོད་ལྗོངས་འཐུས་མི་ཚོགས་པའི་ཆེད་དུ་བྱ་དགའ་ཨང་དང་པོ་གཅིག་བླངས་ཡོད།  དེ་ཉིན་སྔ་དྲོའི་མི་རིགས་དྲག་རྩལ་རྣམ་གྲངས་ཀྱི་འགྲན་བསྡུར་ནང་རང་ལྗོངས་ཀྱི་ལུས་རྩལ་པ་ཡཱན་ཞའོ་གཡོས་ཀྱིས་རིམ་པ་གཉིས་པའི་རིགས་ཀྱི་སྲོལ་རྒྱུན་བུད་མེད་དྲག་རྩལ་གྱི་བྱ་དགའ་ཨང་དང་པོ་དང་།  ལྗང་ཧྭ་ཡའོ་ཡིས་རིམ་པ་གསུམ་པའི་རིགས་ཀྱི་སྲོལ་རྒྱུན་བུད་མེད་དྲག་རྩལ་གྱི་བྱ་དགའ་ཨང་གཉིས་པ་བཅས་བླངས་ཡོད་པས།  ཐེངས་འདིའི་ལུས་རྩལ་འགྲན་བསྡུར་འགོ་ཚུགས་པ་ནས་སྤྱི་ཚེས ༡༡ ཉིན་བར་བོད་ལྗོངས་ལུས་རྩལ་འཐུས་མི་ཚོགས་པར་ཁྱོན་བྱ་དགའ་ཨང་དང་པོ ༣ དང་བྱ་དགའ་ཨང་གཉིས་པ ༧  བྱ་དགའ་ཨང་གསུམ་པ ༨ ཐོབ་ཡོད།

སྤྱི་རྒྱ ༦༢ རིམ་པའི་འབེར་གའི་འགྲན་བསྡུར་ནང་བྱ་དགའ་ཨང་དང་པོ་ཐོབ་མཁན་རིན་ཆེན་དབང་རྒྱལ།

རང་ལྗོངས་ཀྱི་ལུས་རྩལ་པ་ཡཱན་ཞའོ་གཡོས(མན་ཇུ་རིགས)ཀྱིས་རྩལ་ལག་ངོམས་བཞིན་པ།

རང་ལྗོངས་ཀྱི་ལུས་རྩལ་པ་ལྗང་ཧྭ་ཡའོ(མན་ཇུ་རིགས)ཡིས་རྩལ་ལག་ངོམས་བཞིན་པ།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]