ལྷ་སའི་ཟླ་མཆོད་བག་ལེབ་ཀྱི་ཉོ་ཚོང་ཁྲོམ་ར་ཧ་ཅང་འཁྲུག

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧེ་ཤི་ཡན།      སྤེལ་དུས།   2019-09-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཟླ་མཆོད་དུས་ཆེན་ཤར་ལ་ཉེ་བའི་མཚམས་འདིར་ཟླ་མཆོད་བག་ལེབ་ཀྱི་ཉོ་ཚོང་ཁྲོམ་ར་ཧ་ཅང་འཁྲུག་པོ་ཡོད་པས་དུས་ཆེན་གྱི་རྣམ་པ་ཞིག་མངོན་བཞིན་ཡོད།  ཉེ་དུས།  གསར་འགོད་པས་ལྷ་སའི་སྒོ་རྩིས་ཚོང་ཁང་དང་ཞིང་ཞོར་ཐོན་ཟོག་ཁྲོམ་རའི་ཟོག་སྒྲོམ་ཐོག་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཟླ་མཆོད་བག་ལེབ་མང་པོ་སྒྲིག་ཡོད་པ་དང་།  བཟོ་དབྱིབས་ལེགས་པའི་འཐུམ་སྒྲིལ་དང་བྲོ་བ་སྣ་རིགས་ཀྱི་བག་ལེབ་དེ་ཚོས་རྒྱ་ཆེའི་འཛད་སྤྱོད་པའི་ཡིད་དབང་རབ་ཏུ་བཀུག་ཡོད།

    

སྒོ་རྩིས་ཚོང་ཁང་ཞིག་གི་དབུ་འཛིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།  ང་ཚོས་ཟླ་མཆོད་དུས་ཆེན་མ་ཤར་གོང་གི་ཟླ་གཅིག་ནས་ཚོང་ཁང་གི་ཟོག་སྒྲོམ་ཐོག་ཟླ་མཆོད་བག་ལེབ་ཆེད་ཚོང་ཁུལ་བཟོས་ཟིན་པ་དང་།  ད་ལོའི་ཟླ་མཆོད་དུས་ཆེན་གྱི་ཚོང་རྟགས་དང་བྲོ་བ།  སྣེ་ཁ་སོགས་ཀྱི་ཐད་ན་ནིང་ལས་ཕུལ་སུམ་ཚོགས་པ་ཡོད་པས་རྒྱ་ཆེའི་འཛད་སྤྱོད་པས་བདམས་ཁ་གང་ལེགས་བྱེད་རྒྱུ་ཡོད་ཅེས་བཤད།

ཁྲ་ཁྲ་སིག་སིག་འཐུམ་སྒྲིལ་སྣ་ཚོགས་དང་། བྲོ་བ་མི་འདྲའི་ཟླ་མཆོད་བག་ལེབ་མང་།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]