གསེར་རྙེད་ཆུས་ཀྱིས་དཀར་ཆུ་ལས་སྣོན་བྱས་ནས་མང་ཚོགས་དབུལ་གྲོལ་ཡོང་བ་བྱས།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་དཀར་ཆུ་ཐོན་ལས་དབུལ་སྐྱོར་དཔེ་སྟོན་རྟེན་གཞི་བཏོད་ནས་དེར་དམ་འཛིན་ནན་པོ་བྱས་ཏེ།  དཀར་ཆུའི་ཐོན་རྫས་ལས་སྣོན་བྱེད་རྒྱུ་དེ་ཕྱུག་འགྱུར་ལམ་བུར་སྐྱོད་པའི་ཐབས་ལམ་ཞིག་ལ་རྩིས་ནས་འབྲོག་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་བསྒྱུར་བཅོས་བཏང་བས།  ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་ཐུབ་པ་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་ཀྱང་ཐེབས་ཡོད།  ད་བར་ས་གནས་དེ་གའི་མང་ཚོགས ༥༩ རྟེན་གཞི་དེར་ལས་ཞུགས་ཐུབ་པའི་ཁྲོད་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་ཐོན་སློབ་མ ༡༢ དང་།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཚང་གི་མི ༤༠ ཚུད་ཡོད།
ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༨ ལོར་དཔེ་སྟོན་རྟེན་གཞི་དེས་ལས་སྣོན་བྱས་པའི་དཀར་ཆུའི་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་ཚོ ༨༡༩.༠༥ ཟིན་པ་དང་རྟེན་གཞི་དེའི་ལས་མི ༥༩ ལ་གླ་ཆ་སྒོར་ཁྲི་ཚོ ༢༢༤.༤ སྤྲད་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]