སྡེ་ཁུལ་ཨ་ཅག་གི་གཡོས་སྦྱོར་ཞེས་པའི་སྦྱོང་བརྡར་ཐེངས་གཉིས་པ་མཇུག་སྒྲིལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧེ་ཤའི་ཡན།      སྤེལ་དུས།   2019-09-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་།  ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་འགན་འཁུར་བའི།  ཀྲུང་གོ་གསར་པ་དབུ་བརྙེས་ཏེ་ལོ ༧༠ འཁོར་བར་རྟེན་འབྲེལ་ཞུ་བ་དང་སྡེ་ཁུལ་ཨ་ཅག་གི་གཡོས་སྦྱོར་ཞེས་པའི་སྦྱོང་བརྡར་ཐེངས་གཉིས་པ་མཇུག་སྒྲིལ་བའི་མཛད་སྒོ་དང་།  སློབ་མའི་གཡོས་སྦྱོར་རྩལ་ནུས་འགྲན་པའི་བྱེད་སྒོ་ལྷ་ས་གངས་རྒྱན་གསོལ་མགྲོན་ཁང་དུ་འཚོགས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན།  གསོ་སྦྱོང་འཛིན་གྲྭའི་ཐོག་གངས་ཅན་གསོལ་མགྲོན་ཁང་གི་མ་བྱན་ཆེ་མོ་བ་གདན་དྲངས་ནས་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་དང་བཀོལ་སྤྱོད་བྱེད་སྟངས་སློབ་རྒྱུ་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ།  བོད་ཟས་བཟོ་བའི་གཞི་རྩའི་བརྒྱུད་རིམ་དང་རྩལ་ནུས་སྐོར་བསླབས་པ་མ་ཟད།  ཇ་ཁང་དང་ཟ་ཁང་ཆུང་གྲས་གཉེར་སྐྱོང་བྱེད་ཐབས་དང་། ཕུལ་བྱུང་གི་སི་ཁྲོན་ཚལ་རིགས་བརྔོ་སྟངས།  ཐུད་དང་བག་ཚ་སོགས་བོད་ཟས་ཕྱེ་མའི་རིགས་གཡོས་སྦྱོར་བྱེད་སྟངས།  དེ་བཞིན་མ་བཅོས་རྒྱུ་ཆ་སོས་པའི་རིགས་ལས་སྣོན་རགས་ཙམ་བྱེད་སྟངས་སོགས་ཀྱི་ཐད་ནས་རང་ལྗོངས་ཀྱི་ཁྲོམ་གཞུང་དོན་གཅོད་ཁྲུའུ ༡༢ ནས་ཡོངས་བའི་བུད་མེད་སློབ་མ ༤༥ ལ་སློབ་འཁྲིད་བྱས་ཡོད།  མ་བྱན་གྱི་ལག་རྩལ་འགྲན་བསྡུར་བྱེད་པའི་ཁྲོད་སློབ་མ ༢༥ ཡིས་ཚོགས་ཆུང་གསུམ་ལ་བགོས་ནས་གཡོས་སྦྱོར་གྱི་རྩལ་ནུས་གང་ཡོད་བཏོན་ཡོད

ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་བརྒྱུད་སློབ་མ་ཚོའི་རང་སྟོབས་རང་འཕེལ་གྱི་ནུས་པ་ཆེ་རུ་ཕྱིན་ཡོད་པ་དང་ཆབས་ཅིག་རང་ཉིད་ཀྱི་འབད་བརྩོན་བྱས་པ་བརྒྱུད་ལག་རྩལ་སྣེ་གཅིག་འཁྱེར་རྒྱུ་ཡོད་པས།  སླད་ཕྱིན་བོད་ཟས་གཡོས་སྦྱོར་གྱི་ལས་རིགས་ནང་ལས་ཞུགས་ཐུབ་པའི་ཐབས་ལམ་ཞིག་ཀྱང་བརྙེད་ནས།  འབབ་འཕར་ཕྱུག་འགྱུར་དང་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་ཐུབ་རྒྱུར་མཐུན་རྐྱེན་བཟང་པོ་སྦྱར་ཡོད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]