ད་ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲཌ་གཟའ་འཁོར་བོད་དུ་སྤེལ་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ་ཚེ་རིང་། དབུ་རྒྱན་མཚོ་མོ།      སྤེལ་དུས།   2019-09-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༩ པའི་ཚེས ༡༦ ཉིན།  དྲ་རྒྱའི་བདེ་འཇགས་དམངས་ཀྱི་ཆེད་དུ་ཡིན་དྲ་རྒྱའི་བདེ་འཇགས་དམངས་ལ་བརྟེན་དགོས་ཞེས་བརྗོད་དོན་གཙོ་བོར་བྱས་པའི་སྤྱི་ལོ ༢༠༡༩ ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་བོད་དུ་སྤེལ་འགོ་ཚུགས་པའི་ཉིན་མོའི་གཅིག་བསྡུས་འགྲེམས་སྟོན་བྱེད་སྒོ་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་གཉེར་བ་རེད།

བྱེད་སྒོར་ཞུགས་མཁན་ཚན་པས་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་ཀྱི་དཔྱད་གཞི་སྤྲོད་པ།

ད་ཐེངས་ཀྱི་བྱེད་སྒོར་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་གི་སྣེ་ཁྲིད་འོག  ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ལྗོངས་སྤྱི་བདེ་ཐིང་།  སློབ་གསོ་ཐིང་སོགས་འབྲེལ་ཡོད་ཚན་པ་དང་ཁེ་ལས ༣༨ མཉམ་དུ་ཞུགས་ཏེ།  ཕྲེད་བྱང་འགེལ་བ་དང་འགྲེམས་པང་འཛུགས་པ།  དྲ་རྒྱའི་བདེ་འཇགས་ཐད་ཀྱི་སྒྲ་ཕབ་དང་བརྙན་ཕབ་གཏོང་བ།  དེ་བཞིན་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་ཀྱི་དཔྱད་གཞི་སྤྲོད་པ་སོགས་རྣམ་པ་འདྲ་མིན་ཐོག་ནས།  དྲ་རྒྱའི་བདེ་འཇགས་གོང་མཐོར་ཕྱིན་པ་དང་དྲ་རྒྱའི་བདེ་འཇགས་ལག་རྩལ་ཐད་ཐོབ་པའི་གྲུབ་འབྲས་གཅིག་བསྡུས་ཐོག་མངོན་པ་བྱས་ཏེ།  མི་དམངས་མང་ཚོགས་ཀྱི་དྲ་རྒྱའི་བདེ་འཇགས་འདུ་ཤེས་དང་འགོག་སྲུང་རྩལ་ནུས་མཐོ་རུ་བཏང་ཡོད་པ་རེད།།

བོད་ལྗོངས་དྲ་རྒྱའི་ཉེན་རྟོག་པས་སྨྱུག་རོལ་མགྱོགས་གཏམ་ཐོག་ནས་མང་ཚོགས་ལ་དྲ་རྒྱའི་ཁ་བསླུས་སྔོན་འགོག་ཤེས་བྱ་སྒྲོག་འགྲེལ་བྱེད་པ།

མང་ཚོགས་ནས་རྩ་གཉིས་ཐིག་རིས་བཤེར་ཏེ་དྲ་རྒྱའི་བདེ་འཇགས་ཐད་ཀྱི་འབྲེལ་ཡོད་ཤེས་བྱ་ཤེས་རྟོགས་བྱེད་པ།

  ༼  ཡིག་བསྒྱུར་བློ་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]