དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོའི་གྲས་སུ་གཏོགས་པའི་བོད་ལྗོངས་སློབ་གྲྭའི་ཉིན་མོའི་བྱེད་སྒོ་ལྷ་སར་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ་ཚེ་རིང་། ཨུ་རྒྱན་མཚོ་མོ།      སྤེལ་དུས།   2019-09-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་དགུ་པའི་ཚེས ༡༧ ཉིན།  ༢༠༡༩ ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོའི་གྲས་སུ་གཏོགས་པའི་བོད་ལྗོངས་སློབ་གྲྭའི་ཉིན་མོའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་སློབ་འབྲིང་གསུམ་པ་དང་།  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཙང་ར་སློབ་ཆུང་།  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བུ་བཅོལ་ཁང་གཉིས་པ་སོགས་སློབ་གྲྭ་ཁག་ཏུ་སྤེལ་ནས་འགྲེམས་སྒྲོམ་གཤོམས་པ་དང་།  དྲ་རྒྱའི་བདེ་འཇགས་སྐོར་གྱི་རྒྱང་བསྒྲགས་གཏོང་བ་དང་བརྙན་ཕབ་སྟོན་པ།  དྲ་རྒྱའི་བདེ་འཇགས་ཤེས་བྱ་འཆད་ཁྲིད་དང་དྲི་བ་དྲིས་ལན་སོགས་རྣམ་པ་སྣ་ཚོགས་བརྒྱུད།  དྲ་རྒྱའི་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ།  རྒྱ་ཆེའི་སློབ་མ་ཚོས་དྲ་རྒྱའི་ཐོན་ཁུངས་བེད་སྤྱོད་གང་ལེགས་ཐུབ་རྒྱུར་ཁྲིད་སྟོན་བྱས་པ་དང་དྲ་རྒྱའི་བདེ་འཇགས་སྲུང་བའི་འདུ་ཤེས་ཟབ་ཏུ་བཏང་བ་མ་ཟད།  བདེ་འཇགས་ཁྲིམས་མཐུན་ངང་དྲ་བར་ཞུགས་པའི་སློབ་གྲྭའི་རྣམ་པ་བཟང་པོ་ཞིག་ཀྱང་བཏོད་ཡོད།

སློབ་མ་ཚོས་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོར་ཞུགས་རྗེས།  ང་ཚོས་དྲ་རྒྱའི་ཐོན་ཁུངས་གང་ལེགས་སྤྱད་དེ་རང་ཉིད་ཀྱི་འཚོ་བ་དང་སློབ་སྦྱོང་ལ་སྟབས་བདེ་བསྐྲུན་པ་དང་ཆབས་ཅིག  དྲ་རྒྱའི་ཐོག་ཐོན་པའི་མགོ་སྐོར་བསླུ་བྲིད་འོག་མི་ཚུད་པ་བྱེད་པ་དང་།  ནང་དོན་མི་ལེགས་པའི་དྲ་ཚིགས་ཁག་ཀྱང་རང་རྟོགས་ངང་བཀག་འགོག་ཐུབ་པ་བྱེད་རྒྱུ་ཡིན་ལ།  དྲ་རྒྱའི་ཐོག་ནས་ཆ་འཕྲིན་མི་ལེགས་པའི་རིགས་བརྒྱུད་སྤེལ་མི་བྱེད་པ་དང་དུས་མཚུངས།  ཉེ་འཁོར་གྱི་སློབ་གྲོགས་དང་གཉེན་ཉེ་སོགས་ལ་ཡང་ཡ་རབས་དང་བདེ་འཇགས་ངང་དྲ་བར་ཞུགས་པའི་དགོས་གལ་བརྒྱུད་སྒྲོག་བྱེད་རྒྱུ་ཡིན་ཞེས་བཤད།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]