མངའ་རིས་དང་བོད་དབུས་རྒྱུད་གློག་དྲ་སྦྲེལ་མཐུད་ཀྱི་ལས་གཞི་སྐྲུན་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བསོད་ནམས་ཉི་མ།      སྤེལ་དུས།   2019-09-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༩ པའི་ཚེས ༡༧ ཉིན་གྱི་སྔ་དྲོ།  མངའ་རིས་དང་བོད་དབུས་རྒྱུད་ཀྱི་གློག་དྲ་སྦྲེལ་མཐུད་ལས་གཞི་སྐྲུན་འགོ་འཛུགས་པའི་སྐུལ་སློང་ཚོགས་ཆེན་ལྷ་སར་འཚོགས་པ་རེད།  ལས་གཞི་དེ་སྐྲུན་ཟིན་རྗེས་མངའ་རིས་ཀྱི་གློག་དྲ་དུས་ཡུན་རིང་པོའི་ནང་དྲ་བ་རྐྱང་པར་འཁོར་རྒྱུག་བྱེད་པའི་ལོ་རྒྱུས་མཇུག་སྒྲིལ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  མངའ་རིས་དང་བོད་དབུས་རྒྱུད་ཀྱི་གློག་དྲ་སྦྲེལ་མཐུད་ལས་གཞི་དེ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ནས་འགོ་བཙུགས་ཏེ་མངས་རིས་ས་ཁུལ་སྒར་རྫོང་དུ་མཇུག་བསྡུ་རྒྱུ་རེད།  རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་གཉིས་ཀྱི་རྫོང་༼ ཆུས ༽ ༡༠ སྒྲོལ་ཡོད།  ཁྱོན་མ་འཇོག་སྒོར་དུང་ཕྱུར ༧༤ བྱས་ཡོད་པ་དང་གློག་གཏོང་ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ ༡༦༨༩ ཟིན་ཡོད།  འཆར་གཞི་ལྟར་ན་སྤྱི་ལོ་ ༢༠༢༡ ལོར་སྐྲུན་ཟིན་ཏེ་བེད་སྤྱོད་བྱ་རྒྱུ་རེད།

གཞན་ཡང་།  ལས་གཞི་དེ་ལེགས་སྒྲུབ་ཟིན་རྗེས་གཞིས་རྩེའི་ནུབ་རྒྱུད་དང་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་ཕན་པ་ཆེན་པོ་ཐོབ་རྒྱུ་མ་ཟད།  ས་གནས་དེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལྡང་ངེས་ཀྱི་གློག་ཤུགས་མཁོ་འདོན་ཐུབ་སྟེ།  ལྗོངས་ཡོངས་ཀྱི་རྫོང་ ༧༤ ཚང་མར་ཁྱབ་པའི་གཅིག་གྱུར་གློག་དྲ་ཞིག་ཏུ་འགྱུར་རྒྱུ་རེད་ལ།  རང་ལྗོངས་ཀྱི་མི་འབོར་བརྒྱ་ཆ ༩༧ ཡི་གློག་བེད་སྤྱོད་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ་རྒྱུ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]