ལྷ་སས་ད་ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཆུ་ཤུར་རྫོང་དུ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཝང་ལི།      སྤེལ་དུས།   2019-09-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་།  ཆུ་ཤུར་རྫོང་ཨུད་དང་རྫོང་སྲིད་གཞུང་།  ལྷ་ས་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་བཅས་ཀྱིས་གཉེར་འགན་འཁུར་བའི་སྤྱི་ལོ ༢༠༡༩ ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤྱི་ཟླ ༩ ཚེས ༢༣ ཉིན།  ལྷ་ས་ས་གཙང་ཐོན་ལས་དཔེ་སྟོན་གླིང་ཁུལ་དུ་སྤེལ་བ་རེད།
ཤེས་རྟོགས་བྱས་པར་གཞིགས་ན།  བྱེད་སྒོ་སྤེལ་རིང་ཆུ་ཤུར་རྫོང་ཁོངས་གྲོང་ཚོ་ཁག་གི་རིག་རྩལ་རུ་ཁག་དང་དམངས་ཁྲོད་སྒྱུ་རྩལ་པས་དུས་རབས་གསར་པར་བསྟོད་པའི་ཞབས་བྲོ་ཞེས་པ་དང་།  ལོ་ལེགས་ལ་རྟེན་འབྲེལ་ཞུ་བ་ཞེས་པ།  གླུ་ཞིག་བླངས་ནས་ཏང་ལ་འབུལ་ཞེས་པ་སོགས་ངོ་མཚར་ཆེ་བའི་ལེ་ཚན་མང་པོ་འཁྲབ་སྟོན་བྱས་ཡོད་ལ།  དེ་མིན་ད་དུང་ཞིང་འབྲོག་པའི་སྲོལ་རྒྱུན་དམངས་སྲོལ་ལུས་རྩལ་འཁྲབ་སྟོན་འགྲན་བསྡུར་དང་ཞིང་འབྲོག་ལས་ཚན་རྩལ་དྲིལ་བསྒྲགས་བར་ཁྱམས་སྒྲིག་གཤོམས།  ཁྱད་ལྡན་ཞིང་ཕྱུགས་ཐོན་ཟོག་འགྲེམས་སྟོན་སོགས་བྱས་པའི་ཐོག་ནས་ལོ་ལེགས་དུས་ཆེན་ལ་དགའ་སྤྲོ་འཆམ་མཐུན་གྱི་རྣམ་པ་ཞིག་གཏོད་ཡོད།། 

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]