མལ་གྲོ་གུང་དཀར་རྫོང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བསོད་ནམས་ཉི་མ།      སྤེལ་དུས།   2019-09-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྟོན་ཟླ་དགུ་པར་བསིལ་རླུང་ལྡང་ཞིང་། ཞི་མཐུན་གྱི་རྣམ་པ་ས་མཐོར་ཁྱབ།  ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་སྤྱི་ཟླ ༩ ཚེས ༢༣ ཉིན་གྱི་སྔ་དྲོ་མལ་གྲོ་གུང་དཀར་རྫོང་གཉིས་གཏོད་ལྟེ་གནས་སུ་སྤེལ་བ་དང་།  བྱེད་སྒོ་དེར་མི་རིགས་ཁག་གི་མང་ཚོགས་ཁྱོན ༥༠༠༠ ལྷག་ཙམ་ཞུགས་ཡོད།

རིག་རྩལ་འཁྲབ་སྟོན་དེ་མེས་རྒྱལ་གྱི་དྲིན་ཚོར་ཞེས་པ་དང་མེས་རྒྱལ་ལ་སྨོན་འདུན་ཞུ་ཞེས་པ།  ནམ་ཡང་མེས་རྒྱལ་ལ་སྟོད་གླུ་ལེན་ཞེས་པ་བཅས་ལེའུ་གསུམ་ལས་གྲུབ་ཡོད་ཅིང་།  མཛེས་སྡུག་ལྡན་པའི་དུས་རབས་ཞེས་པ་དང་མཛེས་སྡུག་ལྡན་པའི་མལ་གྲོ་ཞེས་པ།  བདེ་སྐྱིད་ལྡན་པའི་བོད་མི་རིགས་ཞེས་པ་སོགས་ངོ་མཚར་ཆེ་བའི་འཁྲབ་སྟོན་སྣ་ཚོགས་ཀྱི་ཐོག་ནས།  མལ་གྲོ་གུང་དཀར་རྫོང་གི་མི་རིགས་ཁག་གི་མི་དམངས་ཚོས་ཏང་གི་བཀའ་དྲིན་ཚོར་བ་བྱས་པ་དང་མེས་རྒྱལ་གྱི་མ་འོངས་དེ་བས་མཛེས་སྡུག་ལྡན་པར་འགྱུར་རྒྱུའི་སྨོན་འདུན་ཞུས་པ་མ་ཟད།  མི་རིགས་ཁག་གི་མང་ཚོགས་ཚོས་དེ་རིང་ནི་ཁྱེད་ཀྱི་འཁྲུངས་སྐར་རེད་ཞེས་པའི་གླུ་དབྱངས་ལེན་ནས་མེས་རྒྱལ་ལ་དགའ་ཞེན་དང་སྨོན་འདུན་ཞུ་ལུགས་མཚོན་པ་བྱས་ཡོད།

རང་ལོ ༧༣ ལ་སླེབས་པའི་ཏང་ཡོན་རྒན་གྲས་བློ་གྲོས་ཀྱིས་ངས་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག  མེས་རྒྱལ་ཉིན་རེ་བཞིན་སྟོབས་ཆེར་འགྲོ་བ་སོགས་ལོ་རྒྱུས་ཀྱི་རྒྱུད་རིམ་བརྒྱུད་མྱོང་།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བའི་མཚམས་འདིར་ངས་མེས་རྒྱལ་དེ་བས་མངའ་ཐང་རྒྱས་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བརྗོད།  

 

ཤེས་རྟོགས་བྱས་པར་གཞིགས་ན།  ད་ཆ་མལ་གྲོ་གུང་དཀར་རྫོང་གི་ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ།  མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་བཅས་མ་ཟད།  སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་དང་དཔལ་འབྱོར་གོང་འཕེལ་མྱུར་པོ་འགྲོ་བའི་རྫོང་ཞིག་ཏུ་གྱུར་ཡོད།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]