འོད་སྟོང་འཕྲོ་བའི་ལོ་ངོ་༧༠འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པ་ཞེས་པའི་ལས་བྱེད་པ་རྒན་གྲས་ཀྱི་རིག་རྩལ་འཁྲབ་སྟོན་ལྷ་སར་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧོ་ཤིའི་གཡན། དབྱང་འཛིན།      སྤེལ་དུས།   2019-09-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གར་སྟེགས་ཀྱི་སྟེང་འོག་ཚང་མར་ང་དང་ངའི་མེས་རྒྱལ་ཞེས་པའི་གླུ་དབྱངས་ལེན།

སྤྱི་ཟླ་དགུ་པའི་ཚེས ༢༣ ཉིན་གྱི་ཕྱི་དྲོ་ང་དང་ངའི་མེས་རྒྱལ་ཞེས་པའི་གླུ་སྒྲའི་ཁྲོད།  འོད་སྟོང་འཕྲོ་བའི་ལོ་ངོ་ ༧༠ འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པ་ཞེས་པའི་བོད་ཀྱི་ལས་འཁྱུར་ངལ་གསོ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཀྱི་རིག་རྩལ་བསྐོང་འཁྲབ་བྱེད་སྒོ་ལྷ་སར་འགོ་ཚུགས་པ་རེད།

གཞིས་རྩེ་གྲོང་ཁྱེར་གྱི་ལས་བྱེད་རྒན་གྲས་པས་སྟོད་གཞས་ཕྲ་ཆུང་ལགས་ཞེས་པ་འཁྲབ།

འཁྲབ་སྟོན་ཧྲིལ་པོ་སྤྱིར་བཏང་མིན་པའི་ལོ་ཟླ་དྲན་ཞེས་པ་དང་།  ཞི་མཐུན་བོད་ལྗོངས་གསར་པར་བསྟོད་ཞེས་པ།  འོད་སྟོང་འཕྲོ་བའི་ཕྱོགས་སུ་སྐྱོད་རྒྱུར་རྒྱང་བལྟ་ཞེས་པ་བཅས་ལེའུ་གསུམ་གྱི་ལེ་ཚན་ཁག ༡༨ ལས་གྲུབ་ཡོད།  ལྗོངས་ཡོངས་ཀྱི་གྲོང་ཁྱེར༼ ས་ཁུལ ༽བདུན་ནས་ཡོང་བའི་ལས་འཁྱུར་ངལ་གསོ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ ༣༠༠ ལྷག་ཙམ་གྱིས་སྐད་གསང་མཐོ་བའི་གླུ་སྒྲ་དང་།  འགྱིག་ཉམས་དོད་པའི་གར་སྟབས།  མི་སེམས་འགུལ་བའི་འགྱུར་ཁུག་བཅས་ཀྱི་ཐོག་ནས་ལས་འཁྱུར་ངལ་གསོ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཚོའི་སྒྱུ་རྩལ་གྱི་བྱང་ཆ་དང་ཡར་བརྩོན་སྤྲོ་སྣང་གི་བསམ་པའི་ཉམས་འགྱུར་མངོན་པ་མ་ཟད།  ཁོང་རྣམ་པས་ཏང་ལ་བློ་དཀར་གཞུང་དྲངས་དང་མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུ་ལུགས་ཀྱང་མངོན་ཡོད།

མངའ་རིས་ས་ཁུལ་གྱི་ལས་བྱེད་རྒན་གྲས་པས་བུད་མེད་ཀྱི་མཉམ་གཞས་བཅིངས་བཀྲོལ་དམག་མི་བོད་དུ་ཕེབས་ཞེས་པ་བླངས།

འཁྲབ་སྟོན་ལ་ཞུགས་མཁན་ལས་འཁྱུར་ངལ་གསོ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཚོས།  ང་ཚོས་མུ་མཐུད་ལས་བྱེད་རྒན་གྲས་པའི་བརྒྱུད་རོགས་འཁྲིད་གསུམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  བོད་ལྗོངས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས།།

ལྗོངས་སློབ་གསོ་ཐིང་གི་ལས་བྱེད་རྒན་གྲས་པས་ཞབས་བྲོ་གོས་འཁྲུའི་གཞས་ཞེས་པ་འཁྲབ།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]