སྐྱེ་མི་ཆོག་པའི་མི་ཞེས་པའི་གཏམ་བརྗོད་ཟློས་གར་ལྷ་སར་འཁྲབ་སྟོན་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-27

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ ༦༠ འཁོར་བར་རྟེན་འབྲེལ་ཞུ་བའི་གཏམ་བརྗོད་ཟློས་གར་སྐྱེ་མི་ཆོག་པའི་མི་ཞེས་པ་དེ།  ཉེ་དུས་ལྷ་ས་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་འཁྲབ་སྟོན་ཐེངས་དང་པོ་བྱས་པ་རེད།  གཏམ་བརྗོད་ཟློས་གར་དེའི་ནང་བོད་ལ་དམངས་གཙོའི་བཅོས་བསྒྱུར་མ་བཏང་གོང་ཕན་ཚུན་བརྩེ་བས་ཕྱུག་པའི་ཞིང་བྲན་ཕོ་མོ་བཀྲ་ཤིས་དང་དབྱངས་ཅན་གཉིས་དབར་གཞིས་དཔོན་བསོད་ནམས་སྒྲོལ་མ་དང་གནམ་སྲས་སྤྲུལ་སྐུའི་འགོག་རྐྱེན་ཚད་མེད་འོག་གཉེན་སྒྲིག་བྱེད་རྒྱུ་ལམ་ལྷོང་མ་བྱུང་བ་དང་།  གནས་ཚུལ་དེ་འདྲའི་འོག་བཀྲ་ཤིས་ཀྱིས་དབྱངས་ཅན་ལ་མངལ་འཁོར་ཡོད་ལུགས་བརྗོད་ནས་ཞུ་འབུལ་སྐྱབས་བཅོལ་ཐེངས་མང་བྱས་པར་སྙིང་རྗེའི་ཆར་ཐིག་འབབ་རྒྱུ་མེད་པར་མཐར་རང་ཉིད་ཀྱི་མིག་འབྲས་ཡ་གཅིག་ཤོར་བ་དང་དབྱངས་ཅན་གྱི་མངལ་དུ་འཁོར་བའི་ཕྲུ་གུ་དེ་ཡང་སྐྱེ་མི་ཆོག་པའི་མི་ལ་གྱུར།  བཀྲ་ཤིས་ཀྱིས་དཀའ་སྡུག་ཚད་མེད་མྱངས་པ་མ་ཟད་དབྱངས་ཅན་མ་སྨད་གཉིས་ཀ་དཀའ་སྡུག་ཁོ་ནའི་ཁྲོད་ཤི་བ་དངོས་སུ་མཐོང་བ་དང་།  དམངས་གཙོའི་བཅོས་བསྒྱུར་བཏང་རྗེས་ཁོང་ལ་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་བ་སོགས་ཀྱི་སྐོར་གླེང་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  གཏམ་བརྗོད་ཟློས་གར་དེ་ནི་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཕུལ་བྱུང་འཁྲབ་རྒྱུན་གྱི་གྲས་ཤིག་རེད།  ཟློས་གར་དེ་དུས་རབས་གོང་མའི་ལོ་རབས ༦༠ པར་ཐོག་མར་འཁྲབ་སྟོན་བྱས་པ་མ་ཟད།  གངས་རིའི་མིག་ཆུ་ཞེས་པའི་གློག་བརྙན་ལ་སྒྲིག་བཟོ་བྱས་ནས་བསྟན་པས་རྒྱལ་ཡོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།  གཏམ་བརྗོད་ཟློས་གར་འདི་བསྐྱར་སྒྲིག་ཐེངས་ཁ་ཤས་བྱས་པ་དང་ད་ཐེངས་ཀྱི་འཁྲབ་སྟོན་ནི་བསྐྱར་སྒྲིག་ཐེངས་བཞི་པ་བྱས་པའི་འཁྲབ་གཞུང་བཞིན་འཁྲབ་སྟོན་བྱས་པ་ཞིག་ཡིན།  དེའི་དམིགས་ཡུལ་ནི།  བོད་རྙིང་པའི་སྡུག་རྩུབ་མུན་ནག་གི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་དང་མི་དམངས་རྣམས་དུད་འགྲོ་ལས་ཀྱང་སྐྱོ་བའི་འཚོ་བ་སྐྱེལ་དགོས་ཀྱི་ཡོད་པ་ཐེར་འདོན་དང་།  གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པའི་བདེན་དོན་གསལ་སྟོན་བྱ་ཆེད་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]