ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས་ལྗོངས་ལྷ་མོ་ཚོགས་པར་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་དགུ་པའི་ཚེས ༢༨ ཉིན་གྱི་དགོང་དྲོ།  ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ལྗོངས་རིག་གནས་ཐིང་།  བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ ཁོར་བར་རྟེན་འབྲེལ་ཞུ་བའི་བོད་རང་སྐྱོང་ལྗོངས་ཀྱི་རིག་རྩལ་མཚན་ཚོགས་ལྗོངས་ལྷ་མོ་ཚོགས་པར་གཉེར་བ་རེད།

མཚན་ཚོགས་དེ་གླུ་ལེན་གར་འཁྲབ་བྱས་ནས་རྒྱལ་སྟོན་བསུཞེས་པའི་གླུ་གར་ཁྲོད་འགོ་ཚུགས་པ་དང་།  མཚན་ཚོགས་ཐོག་འོ་ཀྲུའུ་ཞིས་མི་སྣ་མངགས་གཏོང་བྱས་ཞེས་པ་དང་མེས་རྒྱལ་ཕྱོགས་ལ་བསྟོད་དབྱངས་འབུལ་ཞེས་པ་སོགས་ཀྱི་ངོ་མཚར་ཆེ་བའི་ལེ་ཚན་སྣ་ཚོགས་འཁྲབ་སྟོན་བྱས་ནས།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་ཚུན་དང་ལྷག་པར་དུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ ༦༠ འཁོར་བའི་རིང་བོད་ཀྱི་བྱ་གཞག་ཁག་ལ་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པ་མངོན་པར་བྱས་ཡོད།

མཚན་ཚོགས་ཀྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་པད་མ་ཚེ་རིང་ནས་ངོ་སྤྲོད་བྱས་པར་གཞིགས་ན།  མཚན་ཚོགས་ཧྲིལ་པོ་སྤྲོ་སྣང་ལྡན་པ་དང་བཀའ་དྲིན་ཚོར་བ།  འབད་འབུངས་ཡར་བརྩོནབཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས།  ཁག་སོ་སོར་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འདས་པའི་ལོ་ཟླ་ཕྱིར་དྲན་ཞེས་པ་དང་།  དེང་སྐབས་ཀྱི་བོད་ལྗོངས་དང་འབྱུང་འགྱུར་ལ་རྒྱང་ལྟ་ཞེས་པའི་ལེ་ཚན་གོང་འོག་གཉིས་སུ་དབྱེ་ཡོད།  མཚན་ཚོགས་ཀྱི་འཁྲབ་སྟོན་པ་ཕྱེད་ཀ་ཙམ་ཞིང་འབྲོག་མང་ཚོགས་ཡིན་པ་དང་།  ཁོ་ཚོས་སོ་སོའི་བབ་ཆགས་ཀྱི་འཁྲབ་སྟོན་ཐོག་ནས་མེས་རྒྱལ་གྱི་འཁྲུངས་སྐར་ལ་སྨོན་འདུན་ཞུས་ཡོད།།

 

 

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]